ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་ཀན་སུའུ་ཞིང་ཆེན་གྱི་འཛད་སྤྱོད་དགོས་མཁོ་སླར་གསོ་བྱུང་ནས་ཡུལ་སྐོར་ཡོང་འབབ2019ལོའི་དུས་མཉམ་གྱི90%ལ་སླར་གསོ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་སྔོན་བསྡུས་པའི་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་དུས་ཚིགས་དཔལ་འབྱོར་འཁོར་སྐྱོད་སྙོམས་སྒྲིག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོར། ཀན་སུའུ་ཞིང་ཆེན་གྱི་དགོས་མཁོ་ཁྲོམ་ར་སླར་གསོ་བྱུང་ནས། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞག་སྡོད་བཟའ་བཏུང་། ཚོང་དོན་ཞབས་ཞུ། སིལ་འཚོང་སྡེབ་འཚོང་སོགས་ལས་རིགས་ཚང་མ་གྲངས་གནས་གཉིས་ཀྱིས་འཕར་ཡོད། ཡུལ་སྐོར་ཁྲོམ་ར་ཕྱོགས་ཡོངས་ནས་སླར་གསོ་བྱུང་ཞིང་། ཡུལ་སྐོར་པ་སྣེ་ལེན་དང་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་བཅས་སོ་སོར82.6%དང90.1%འཕར་ལ། ཡུལ་སྐོར་སྣེ་ལེན་མི་གྲངས2019ལོའི་དུས་མཉམ་དང་གཅིག་མཚུངས་ཡིན་པ་དང་། ཡུལ་སྐོར་ཡོང་འབབ2019ལོའི་དུས་མཉམ་གྱི90%ལ་སླར་གསོ་བྱུང་ཡོད།

དུས་ཚིགས་གཉིས་པར། ཀན་སུའུ་ཞིང་ཆེན་གྱིས་ས་ཁོངས་ཁྱད་ལྡན་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་གསར་འཛུགས་དང་འགྲེམ་སྟོན་དུས་ཆེན་ཇུས་འགོད་སོགས་ཀྱི་རྣམ་པས་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས། བཟའ་བཏུང་སོགས་ཀྱི་མཛད་སྤྱོད་ཆེ་གྲས་ལ་སྐུལ་སློང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།