ཀྲུང་གོ་བོད་ཀྱི་དྲ་བ།

2022ལོར་ཀན་ལྷོ་ཁུལ་གྱི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀན་ལྷོ་ཁུལ་བསྡོམས་རྩིས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2022ལོར་ཀན་ལྷོ་ཁུལ་གྱིས་རང་འགུལ་གྱིས་འཕེལ་རྒྱས་གསར་བའི་ཆགས་སྟངས་མཉམ་འདྲེས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཆ་ནས་བརྟན་བརླིང་ངང་མདུན་སུ་སྐྱོད་པའི་རྣམ་པ་བཟང་བ་མངོན་པ་རེད།

ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་གཅིག་གྱུར་ཞིབ་རྩིས་མཇུག་འབྲས་ལྟར་ན། ཞིབ་རྩིས་རགས་ཙམ་བྱས་པ་བརྒྱུད2022ལོར་ཁུལ་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར245.12ཟིན་པ་དང་། འགྱུར་ལྡོག་བྱུང་མེད་པའི་རིན་ཐང་བཞིན་རྩིས་ན་དུས་མཉམ་ལས4.0%གིས་འཕར་བ། འཕར་ཚད་ན་ནིང་ལས་བརྒྱ་ཆའི་ཚེག0.7མར་བབས་ཡོད། ཐོན་ལས་གསུམ་པའི་ནང་ཐོན་ལས་དང་པོ་འཕར་གྲངས་སྒོར་དུང་ཕྱུར41.98ཟིན་པ་དང6.1%མར་བབས་པ། འབབ་ཚད་ན་ནིང་ལས་བརྒྱ་ཆའི་ཚེག8.2ཀྱིས་རྒྱ་ཆེར་ཕྱིན་པ། ཐོན་ལས་གཉིས་པའི་འཕར་གྲངས་སྒོར་དུང་ཕྱུར28.14ཟིན་པ་དང4.1%མར་བབས་པ། འབབ་ཚད་ན་ནིང་ལས་བརྒྱ་ཆའི་ཚེག4.5ཉུང་དུ་ཕྱིན་པ། ཐོན་ལས་གསུམ་པའི་འཕར་གྲངས་སྒོར་དུང་ཕྱུར175.0ཟིན་པ་དང8.3%གྱིས་འཕར་བ། འཕར་ཚད་ན་ནིང་ལས་བརྒྱ་ཆའི་ཚེག0.1ཇེ་མཐོར་སོང་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།