ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བསང་ཆུ་རྫོང་གི་ཉེན་ཁ་ཆེ་འབྲིང་ས་ཁུལ་ལེགས་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་བརྡ་ཁྱབ་བཏང་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི《པྲོག་གསར་གློ་ཚད་ནད་དུག་སྔོན་འགོག་ཚོད་འཛིན་ཇུས་གཞི(པར་མ་དགུ་པ)》ཡི“ཉེན་ཁའི་རིམ་པ”དབྱེ་སྟངས་སྐོར་གྱི་གཏན་འབེབས་དང“མཉམ་འབྲེལ་ཐུབ་པའི་ཁུལ་དང་མཉམ་འབྲེལ་ཁུལ”གྱི་དོ་དམ་བླང་བྱ་གཞིར་བཟུང་། ཟླ9པའི་ཚེས18ཉིན། ཁུལ་རིམ་པའི་ཆེད་མཁས་པའི་ཚོགས་ཆུང་གིས་ཕྱོགས་བསྡུས་དཔྱད་དཔོག་དང་དེ་བཞིན་རྫོང་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་བཀོད་འདོམས་པུའུ་ཡིས་ཕྱོགས་བསྡུས་བརྡར་གཅོད་བྱས་པ་བརྒྱུད། ད་ལྟ་འབྲེལ་ཡོད་ནང་དོན་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།

       བསང་ཆུ་རྫོང་གི་ཉེན་འབྲིང་ས་ཁུལ་ཚང་མ་ཉེན་ཁ་ཆུང་བའི་ས་ཁུལ་དུ་ལེགས་སྒྲིག་བྱས་པ།

       1.ཨ་མཆོག་གྲོང་རྡལ་ཤུག་ལུང་ཉིན་པ་སྲིད་འཛིན་སྡེ་བའི་གད་སྐྱ་མོ་རང་བྱུང་སྡེ་བ་ཉེན་ཁ་ཆུང་བའི་ས་ཁུལ་དུ་བསྒྱུར་ཏེ། རང་ཉིད་ཀྱིས་འགོག་སྲུང་བྱས་ནས་འདུ་འཛོམས་མི་བྱེད་པ་ལག་བསྟར་བྱ་རྒྱུ་དང་།

      2.ཨ་མཆོག་གྲོང་རྡལ་རྔ་རྒོད་སྲིད་འཛིན་སྡེ་བའི་ཁྱུང་པོ་ཐང་རང་བྱུང་སྡེ་བ་ཉེན་ཁ་ཆུང་བའི་ས་ཁུལ་དུ་བསྒྱུར་ཏེ། རང་ཉིད་ཀྱིས་འགོག་སྲུང་བྱས་ནས་འདུ་འཛོམས་མི་བྱེད་པ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

ཟླ9པའི་ཚེས18ཉིན་བར་དུ་བསང་ཆུ་རྫོང་གི་ཉེན་ཁ་ཆེ་འབྲིང་ཁུལ་གཙང་སེལ་བྱས།

ཀན་ལྷོ་ཁུལ་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།

    2022ལོའི་ཟླ9བའི་ཚེས18ཉིན།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།