ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་རྨ་ཆུ་རྫོང་གིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱས་ཏེ་རྨ་ཆུའི་འབྱུང་ཡུལ་གྱི་ཆུ་ཁུངས་གསོ་སྐྱོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་ནོར་ཁྱུ་དང་རྟ་ཁྱུས་རྨ་ཆུ་རྫོང་ཁོངས་ཀྱི་རྨ་ཆུའི་འགྲམ་རྒྱུད་ཀྱི་རྩྭ་ཐང་དུ་རྩྭ་ཟ་བཞིན་པའི་ཚུལ་རེད། རྨ་ཆུ་རྫོང་གིས2019ལོར་རྩྭ་ཕྱུགས་དོ་སྙོམས་མངོན་འགྱུར་བྱས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནི་མཚོ་བོད་ས་མཐོའི་ཤར་རྒྱུད་མཐའ་མཚམས་སུ་གནས་པ་དང་། མངའ་ཁོངས་སུ་རང་བྱུང་རྩྭ་ཐང་དང་བརླན་ས་གང་སར་ཁྱབ་ཞིང་། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་མཁོ་སྤྲོད་ཁུལ་གལ་ཆེན་ཞིག་ཡིན།

རང་བྱུང་དང་མིས་བཟོས་ཀྱི་ཤུགས་རྐྱེན་གྱིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པར། རྨ་ཆུ་རྩྭ་ཐང་དུ་ཚད་གཞི་མི་འདྲ་བའི་བྱེ་འགྱུར་དང་རྩྭ་ས་ཉམས་ཞན་གྱི་སྣང་ཚུལ་ཐོན་ནས་ཆུ་ཁུངས་གསོ་སྐྱོང་ནུས་པ་ཆུང་དུ་ཕྱིན་ཡོད།

རྨ་ཆུ་རྫོང་གིས་ཕྱུགས་བསྐྱུར་རྩྭ་གསོ་དང་རྩྭ་ས་བྱེ་འགྱུར་དང་ཞན་འགྱུར་ཕྱོགས་བསྡུས་བཅོས་སྐྱོང་། འདམ་ར་སྲུང་སྐྱོང་དང་ཉམས་གསོ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་སྔོན་འགོག་ཚོད་འཛིན་སོགས་སྐྱེ་ཁམས་སྲུང་སྐྱོང་གི་བཟོ་འགོད་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། མིག་སྔར་རྨ་ཆུ་རྫོང་གི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་རྨ་ཆུ་རྩྭ་ཐང་གིས་རྨ་ཆུར་ཆུ་ཁུངས་ཁ་གསབ་བྱེད་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། །

2.jpg

འདི་ནི་རྨ་ཆུ་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་མཐོ་རིམ་ལག་རྩལ་ཆེན་མོ་པ་མཱ་ཅན་ཡུན་གྱིས་རྨ་ཆུ་རྫོང་ཁོངས་སུ་རྨ་ཆུའི་འགྲམ་ངོགས་ཀྱི་བྱེ་འགོག་ནགས་ཚལ་འཛུགས་སྐྲུན་ཁུལ་དུ་སྔོ་ཁེབས་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པའི་ཚུལ་རེད།

3.jpg

འདི་ནི་རྨ་ཆུ་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་མཐོ་རིམ་ལག་རྩལ་ཆེན་མོ་པ་མ་ཅན་ཡུན་གྱིས་རྨ་ཆུ་རྫོང་ཁོངས་སུ་རྨ་ཆུའི་འགྲམ་ངོགས་ཀྱི་བྱེ་འགོག་ནགས་ཚལ་འཛུགས་སྐྲུན་ཁུལ་དུ་རྩྭ་སའི་དྲ་མིག་ཅན་གྱི་སྐྱེ་དངོས་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པའི་ཚུལ་རེད།

4.jpg

འདི་ནི་འབྲོག་པ་སྒྲོལ་མ་སྐྱབས་ཀྱིས་རྨ་ཆུའི་འགྲམ་ངོགས་ཀྱི་བྱེ་སྒང་ཞིག་ཏུ་ཁོས་འདེབས་འཛུགས་བྱས་པའི་སྡོང་ཕྲན་སྐྱེ་ཚུལ་ལ་ལྟ་བཞིན་པའི་ཚུལ་རེད།

5.jpg

འདི་ནི་རྨ་ཆུའི་འགྲམ་ངོགས་ཀྱི་བྱེ་འགོག་ནགས་ཚལ་ཁུལ་དུ་འཛུགས་སྐྲུན་བྱས་པའི་རྩྭ་འགོག་དྲ་མིག་ནང་གི་སྔོ་ཁེབས་རེད།

6.jpg

འདི་ནི་རྨ་ཆུ་རྫོང་ཁོངས་ཀྱི་རྨ་ཆུའི་འགྲམ་ངོགས་ཀྱི་བྱེ་རི་ཉམས་གསོ་བཅོས་སྐྱོང་ལས་གཞི་རེད།

7.jpg

འདི་ནི་རྨ་ཆུ་རྫོང་ཁོངས་ཀྱི་རྨ་ཆུའི་འགྲམ་ངོགས་ཀྱི་མཛེས་ལྗོངས་རེད།

8.jpg

འདི་ནི་རྨ་ཆུ་རྫོང་ཨ་དབན་ཚང་བརླན་སའི་ནང་གི་ཆུ་བོ་དང་ན་འདམ་རེད།

9.jpg

འདི་ནི་རྨ་ཆུ་རྫོང་ཨ་དབན་ཚང་བརླན་སའི་ནང་གི་ཆུ་བོ་དང་ན་འདམ་རེད།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།