ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་རང་བྱུང་སྲུང་སྐྱོང་ཁུལ233བཙུགས་པ་རེད།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཐིང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། ཀན་སུའུ་ཞིང་ཆེན་གྱིས་རང་བྱུང་སྲུང་སྐྱོང་ཁུལ233བཙུགས་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི1460.3ལ་སླེབས་ཡོད།

ཀན་སུའུ་རུ་ཧ་ཅང་ཕུན་སུམ་ཚོགས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་སུ་སྐམ་སྐྱེས་སྒལ་ཚིགས་སྲོག་ཆགས་སྣ་ཁ1059ཡོད། ངོ་སྤྲོད་བྱས་པ་ལྟར་ན ཀན་སུའུ་རུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་སྣ་ཁ58ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་སྣ་ཁ3དང་རིགས1ཡོད། 

ཉེ་བའི་ལོ་འགའི་རིང་ལ། ཀན་སུའུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་ཞིབ་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་ཞིབ་ལམ་ལུགས་མ་ལག་འཛུགས་སྐྲུན་མུ་མཐུད་དུ་འཚོལ་ཞིབ་བྱས་པ་དང་། ལྟ་ཞིབ་ནུས་པ་དང་བྱེད་ཐབས་མཐོར་འདེགས་སུ་བཏང་སྟེ། ཁྲིམས་བསྟར་ལྟ་སྐུལ་ལ་ཤུགས་སྣོན་བྱས་པ་མ་ཟད། བསྟུད་མར་ལོ5ལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་སྐུལ་ལས་དོན་སྤེལ། རང་བྱུང་སྲུང་སྐྱོང་ཁུལ་ཁྱབ་ཁོངས་ཀྱི་སྐྱེ་ཁམས་མིན་པའི་བྱ་འགུལ་ལ་འཛིན་སྡོམ་བྱས་ཏེ། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་བརྒྱུད། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ཕན་འབྲས་ལྡན་པའི་ངང་ནས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།