ཀྲུང་གོ་བོད་ཀྱི་དྲ་བ།

ནུབ་བྱང་མི་རིགས་སློབ་ཆེན་གྱིས་བྱེད་ཐབས་མང་པོ་སྤྱད་དེ་ལས་ཞུགས་བྱ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་ལས་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏོང་ཆེད། ནུབ་བྱང་མི་རིགས་སློབ་ཆེན་གྱིས་འཕྲིན་སྦྲེལ་དྲ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དྲ་ཐོག་གི་ལས་ཞུགས་མཛུབ་སྟོན་ཞབས་ཞུ་བྱ་འགུལ་ཧུར་ཐག་གིས་སྤེལ་ནས། སྟེགས་བུ་མང་པོ་མཉམ་འབྲེལ་དང་བྱེད་ཐབས་མང་པོ་ལག་བསྟར་བྱས་ནས། མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས། 

བསྡོམས་རྩིས་བྱས་པ་ལྟར་ན། ཉེ་དུས་སློབ་གྲྭ་དེས་མིང་གྲགས་ལྡན་པའི་གདན་ཞུའི་སྟེགས་བུ་དང་མཉམ་འབྲེལ་བྱས་པ་བརྒྱུད། རིགས་སོ་སོའི་དྲ་རྒྱའི་གདན་ཞུ་ཚོགས་འདུ་ཐེངས20ལྷག་སྤེལ་བ་དང་། ལས་གནས་ཁྲི1.5ལྷག་འདོན་སྤྲོད་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།