ཀྲུང་གོ་བོད་ཀྱི་དྲ་བ།

《ཀན་སུའུ་ཞིང་ཆེན་གྱི་རིག་དངོས་ལས་དོན་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད》ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་རིག་དངོས་ཅུའུ་ཡི《ཀན་སུའུ་ཞིང་ཆེན་གྱི་རིག་དངོས་ལས་དོན་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད》ཁྱབ་བསྒྲགས་བྱས་ཤིང་། 《འཆར་འགོད》ཁྲོད་ཀན་སུའུ་ཞིང་ཆེན་གྱིས“རྒྱལ་ཡོངས་ཀྱི་རྩེར་སོན”ལ་དམིགས་ནས། 2025ལོར་བསླེབ་དུས་རིག་དངོས་སྲུང་སྐྱོང་བེད་སྤྱོད་ཀྱི་“ཀན་སུའུ་ཉམས་མྱོང”དང་“ཏུང་ཧོང་གི་དཔེ་དབྱིབས”དང་། ཀན་སུའུ་ཞིང་ཆེན་གྱི་གནས་ཚུལ་དང་མཐུན་པའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ལམ་བུའི་སྟེང་བསྐྱོད་པའི་སྤྱིའི་དམིགས་འབེན་གྲུབ་དགོས་པ་བཏོན་ཡོད་ཅིང་། རིག་དངོས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་དང་། རིག་དངོས་སྲུང་སྐྱོང་བེད་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་སོགས་ཀྱི་འཕེལ་རྒྱས་དམིགས་འབེན་དང་། ཐོན་ཁུངས་དོ་དམ་དང་རིག་དངོས་བདེ་འཇགས་སོགས་ཕྱོགས་དྲུག་གི་བྱེ་བྲག་གི་དམིགས་ཚད་ཁག26གཏན་འཁེལ་གསལ་བོ་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།