ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུའི་ཁྱིམ་ཚང850ཡི་མང་ཚོགས3497ལན་ཀྲུའུ་ཁུལ་གསར་གྱི་གནས་སྤོར་ཡུལ་མིའི་བཀོད་སྒྲིག་ཁུལ་དུ་བསྡད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན། ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་གི་ཤང་གྲོང9ནས་ཡོང་བའི་ཁྱིམ་ཚང250ཡི་མང་ཚོགས1012ཆེད་སྤྱོད་མེ་འཁོར་བསྡད་དེ་ལན་ཀྲུའུ་ཁུལ་གསར་དུ་འབྱོར་ཏེ། ཁྱིམ་གཞིས་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་ལོངས་སྤྱོད་བྱེད་མགོ་བརྩམས། དེ་ནི་ཟླ8པའི་ཟླ་སྟོད་ལ་འབྲུག་ཆུ་རྫོང་གི་ཉེན་གཡོལ་གནས་སྤོར་ལས་དོན་སྤེལ་བ་ནས་བཟུང་གནས་སྤོར་མང་ཚོགས་སྐོར་ཐེངས7པ་ཁུལ་གསར་དུ་བསྡད་པ་ཡིན། དེར་བརྟེན་ལན་ཀྲུའུ་ཁུལ་གསར་གྱིས་ཕན་ནུས་ལྡན་པར་འབྲུག་ཆུ་རྫོང་གི་སྐོར་ཐེངས7གྱི་ཁྱིམ་ཚང850ཡི་མང་ཚོགས3497གོ་རིམ་ལྡན་པའི་ངང་ནས་བཀོད་སྒྲིག་ཁུལ་དུ་འདུག་པར་དང་ལེན་བྱས་པ་ཡིན།

ལན་ཀྲུའུ་ཁུལ་གསར་གནས་སྤོར་གཞུང་ལས་ཁང་གིས་ངོ་སྤྲོད་བྱས་པ་ལྟར་ན། སྐོར་ཐེངས7པའི་གནས་སྤོར་མང་ཚོགས་ནི་འབྲུག་ཆུ་རྫོང་གི་སྒོ་གཡས་དང་ཆུ་བར། གསེར་སྒོ། སྤྲ་ལུང་། ཏུན་ཧྲན། གླུ་རྩེད། ཁམ་སྒང་། རྐྱང་ཕན། ཆུ་མགོ་ན་བཅས་ཤང་གྲོང9ནས་ཡོང་བ་ཡིན། གནས་སྤོར་བཀོད་སྒྲིག་བྱ་བ་བདེ་བླག་ངང་སྤེལ་བར་སྐུལ་འདེད་གཏོང་ཆེད། ལན་ཀྲུའུ་ཁུལ་གསར་གནས་སྤོར་གཞུང་ལས་ཁང་གིས་གནས་སྤོར་བཀོད་སྒྲིག་བྱ་བའི་གོ་རིམ་སོ་སོ་དང་ལས་དོན་སོ་སོར་དམིགས་ནས། བྱ་བའི་ཆེད་དོན་འགན་འཁྲི་ཚན་ཆུང་དང་སྤྱི་བདེ། འཕྲོད་བསྟེན་བདེ་ཐང་། སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་གྲོས་ཚོགས་བསྡུས་ཏེ། གནས་སྤོར་གོ་རིམ་ཁྲོད་ཀྱི་ཞིབ་ཕྲའི་གནད་དོན་རེ་རེར་དབྱེ་ཞིབ་ནན་ཏན་བྱས་ཏེ། 《ལན་ཀྲུའུ་ཁུལ་གསར་གྱིས་འབྲུག་ཆུའི་སྐོར་བདུན་པའི་ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོར་མང་ཚོགས་དང་ལེན་བྱེད་པའི་བཀོད་སྒྲིག་བྱ་བའི་ཇུས་གཞི》ཞིབ་འཇུག་གཏན་འབེབས་བྱས་ལ། བྱ་བའི་འགན་འཁྲི་གཏན་འབེབས་གསལ་བོ་བྱས་ཏེ། གནས་སྤོར་མང་ཚོགས་བདེ་འཇགས་ངང་འབྱོར་བ་དང་ཡིད་ཚིམ་པའི་སྒོ་ནས་སྡོད་ཁང་གསར་བ་རུ་འདུག་པར་ཁག་ཐེག་བྱས།

 རྒྱུས་ལོན་ལྟར་ན། གནམ་གཤིས་ཇེ་འཁྱག་ཏུ་སོང་བ་དང་བསྟུན་ནས། ཁུལ་གསར་གནས་སྤོར་བཀོད་སྒྲིག་ཁུལ་གྱིས་བཀོད་སྒྲིག་ས་ཚིགས་ཀྱི་རང་བྱུང་སོལ་རླངས་སྒྱུར་འདེགས་ས་ཚིགས་འཛུགས་སྐྲུན་དང་སྦུག་ལམ་གཏོང་བའི་ལས་གཞི་ལེགས་འགྲུབ་བྱུང་སྟེ། རྩིས་སྤྲོད་བྱས་པའི་བཀོད་སྒྲིག་སྡོད་ཁང་ཡོངས་རྫོགས་སུ་དྲོད་རླངས་ལེབ་མོ་སྒྲིག་སྦྱོར་བྱས་ཡོད་ཅིང་། མང་ཚོགས་རྣམས་ཀྱིས་གྱང་ཐབ་ཀྱི་ནུས་ཁུངས་གཙང་མའི་དྲོད་འདོན་བེད་སྤྱོད་པར་སྐུལ་སློང་བྱས་ནས། ཁྱིམ་ཚང600ལྷག་གི་མང་ཚོགས་ཁྲོད་གྱང་ཐབ་སྒྲིག་སྦྱོར་བྱས་པའི་ཁྱིམ་ཚང425ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།