ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་དུ་དངོས་ཟོག་མཁོ་སྤྲོད་འདང་ངེས་ཡོད་ལ་ཁྲོམ་ར་བརྟན་པོ་དང་གོ་རིམ་ལྡན་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2021-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚོང་ཁང་གི་སྒོ་ཁར་བྱ་བྱེད་མི་སྣས་ཁ་རས་བརྒྱབ་ནས་བདེ་ཐང་ཨང་རིས་བཤེར་ཏེ་དྲོད་ཚད་འཇལ་བ་བརྒྱུད་ཚོང་ཁང་ནང་དུ་བསྐྱོད་རྒྱུའི་དྲན་སྐུལ་བྱེད་བཞིན་ཡོད། རང་འདེམས་ཚོང་ཁང་གི་སྟེགས་སྒྲོམ་དུ་ཚོང་ཟོག་སྣ་ཚོགས་ཀྱིས་ཁེངས་འདུག  གྲོང་མི་ཞིག་གིས་གསར་འགོད་པར“རིན་གོང་དུས་རྒྱུན་དང་འདྲ་པོ་འདུགའཕར་ཆག་ཆེན་པོ་བྱུང་མེད”ཅེས་བཤད་བྱུང་།  རང་འདེམས་ཚོང་ཁང་དུ་ཚང་མས་རང་རྟོགས་ཀྱིས་བར་མཚམས་བཞག་སྟེ་དགོས་ངེས་ཀྱི་ཚོང་ཟོག་ཉོ་བཞིན་ཡོད་ལ་འབོར་ཆེན་གསོག་ཉར་བྱེད་ཀྱིན་མེད།ཚལ་ཁྲོམ་དུའང་དེ་བཞིན་ཡིན།  སྔོ་ཚལ་དང་། ཉ་ཤ   སྒོ་ང་སོགས་རྒྱུན་གཏན་གྱི་འཚོ་བའི་དངོས་ཟོག་སྣ་ཁ་ཕུན་སུམ་ཚོགས་པོ་ཡོད་པ་དང་།ཟོག་ཁུངས་འདང་ངེས་ཡོད་ལ། རིན་གོང་བརྟན་པོ་ཡོད་པ་དང་།  དུག་སེལ་སོགས་ཀྱི་བྱ་བ་ཁག་ཉིན་ལྟར་སྤེལ་གྱིན་ཡོད་པ་རེད།

 གཙོས་གྲོང་ཁྱེར་གྱིས་ཚོང་རའི་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྔོན་འགོག་དང་ཚོད་འཛིན་བྱ་བའི་འགྱུར་ལྡོག་དང་གྲོང་མིའི་དགོས་མཁོ་ལ་རྒྱུས་ལོན་ཟབ་མོ་བྱས་ནས་མཁོ་སྤྲོད་འགན་ལེན་གྱི་ཐབས་ཇུས་དང་ཁ་ཕྱོགས་ལེགས་སྒྲིག་བྱས་ཏེ་ཚོང་དོན་འཁོར་རྒྱུག་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་གྱི་བྱ་བ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་ཡག་པོ་བྱེད་ཀྱིན་ཡོད་པ་དང་།ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་གྲོང་ཁྱེར་ཡོངས་ཀྱི“འབྲས་དང་། ཕྱེ། སྣུམ།ཤ་སྒོང་། འོ་མ”སོགས་འཚོ་བའི་མཁོ་རྫས་གྲབས་གསོག་བྱས་ཚུལ་ལ་བརྟག་དཔྱད་དང་བསྡོམས་རྩིས་བྱས་ནས་ཚོང་ཁང་དང་འབྲུ་སྣུམ་ཆེད་ཚོང་ཚོང་ཁང་ཆེ་གྲས་དབར་མཁོ་སྤྲོད་འགན་ལེན་གྱི་གྲོས་མཐུན་བཞག་པ་དང་འབྲེལ་ཚོང་རའི་དགོས་མཁོར་གཞིགས་ནས་ཕྱིར་ཉོ་སྒྲུབ་བྱེད་པར་སྐྱོད་པའི་འཆར་གཞི་བཟོས་ཏེ་མི་དམངས་མང་ཚོགས་ཀྱི་འཚོ་བའི་དངོས་རྫས་མཁོ་སྤྲོད་འགན་ལེན་ནུས་ལྡན་བྱེད་ཀྱིན་ཡོད།

 མིག་སྔའི་བར་གཙོས་གྲོང་ཁྱེར་དུ་ཁྱོན་གྲོ་ཕྱེ་ཏུན་284.8དང་། འབྲས་ཏུན89.4 བཟའ་སྣུམ་ཏུན75.5 སྔོ་ཚལ་ཏུན71.6  ནོར་ལུག་ཕག་ཤ་ཏུན209.5 སྒོ་ང་ཏུན་5.7 འོ་མ་ཏུན7.1བཅས་གསོག་འཇོག་བྱས་ཡོད་པ་དང་།བཟའ་བཅའི་རིགས་ཀྱི་བཟའ་བཅའི་མཁོ་སྤྲོད་སྟབས་བདེ་ཡོང་བ་བྱས་ཡོད། ཟླ10ཚེས25ཉིན་ནས་བཟུང་སྔོ་ཚལ་དང་ཤིང་འབྲས་སོགས་འཚོ་བའི་དངོས་ཟོག་སྣ་ཚོགས་རླངས་འཁོར19སྔ་རྗེས་སུ་འབྱོར་ནས་འཚོ་བའི་དངོས་ཟོག་སྣ་ཁ་འཛོམས་ཤིང་།དངོས་ཟོག་འདང་ངེས་དང་རིན་གོང་བརྟན་པོ་ཡོད་པས་གྲོང་མིའི་གཞི་རྩའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།  །  

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།