ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡི་ཐེངས་འདིའི་རིམས་ནད་ལས་ནད་དཔེའི་རྒྱུད་རྒྱུའི་གོ་རིམ་ལ་བརྟག་ན་ཏེའར་ཐ་དུག་སྡོང་དུ་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི(ཐེངས་དྲུག་པ)གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཚེས24ཉིན་ལན་ཀྲོའུ་རུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཀན་སུའུ་ཡིས་མིག་སྔར་བརྟག་དཔྱད་ཐུབ་པའི་ནད་དཔེའི་རྒྱུད་རྒྱུའི་གོ་རིམ་ལ་བརྟག་ན། ཏེའར་ཐ་དུག་སྡོང་མངོན་པ་དང་འབྲེལ་ཡོད་འབྱུང་ཁུངས་བརྟག་དཔྱད་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅེས་བསྟན།

ཟླ10པའི་ཚེས18ཉིན་ཀན་སུའུ་ཡི་རེས་སྐོར་འདིའི་རིམས་ནད་ཁྲོད་གདགས་གཤིས་ཡིན་པའི་ནད་དཔེ་དང་པོ་ཐོན་པ་ནས་བཟུང་། ཟླ10པའི་ཚེས23ཉིན་གྱི་ཆུ་ཚོད24བར་ཀན་སུའུ་རུ་ཁྱོན་གཏན་འཁེལ་ཐུབ་པའི་ནད་པ41ཡོད་པ་དེའི་ནང་ལན་ཀྲོའུ་གྲོང་ཁྱེར་དུ་ནད་པ30དང་། ཀྲང་ཡེ་གྲོང་ཁྱེར་དུ་ནད་པ7། ཅ་ཡུས་ཀོན་གྲོང་ཁྱེར་དུ་ནད་པ2། ཐེན་ཧྲུའེ་གྲོང་ཁྱེར་དུ་ནད་པ1། ལུང་ནན་གྲོང་ཁྱེར་དུ་ནད་པ1བཅས་ཡོད་པ་རེད།    

ཚེས23ཉིན་གྱི་ཆུ་ཚོད24བར། ཀན་སུའུ་ཞིང་ཆེན་གྱིས་འདྲིས་འབྲེལ་དམ་ཟབ་ཅན་དང་འདྲིས་འབྲེལ་དམ་ཟབ་ཅན་ཕལ་པའི་མི7183གྲལ་བཤེར་བྱས་པའི་ནང་། འབྲེལ་འདྲིས་དམ་ཟབ་ཅན་མི2054དང་འབྲེལ་འདྲིས་དམ་ཟབ་ཕལ་བ་ཅན་མི5129ཡོད་པ་རེད།    

ཀྲང་ཧའོ་ཡིས་བཤད་རྒྱུར། རྒྱལ་ཁབ་སྐྱོབ་བཅོས་ཆེད་མཁས་པའི་ཚོ་ཆུང་གི་མཛུབ་ཁྲིད་འོག ཞིང་ཆེན་རིམ་པའི་གནས་གཏན་འཁེལ་གྱི་སྨན་ཁང་ལ་བརྟེན་ནས་ཞིང་ཆེན་རིམ་པའི་སྨན་བཅོས་སྒྲིག་གཞིའི་སྐྱོབ་བཅོས་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ་ནད་གཞི་ལྕི་རིགས་དང་འབྱིན་རྔུབ་དང་། འགོས་ནད། ནད་གཡོག བརྟག་དཔྱད། བརྙན་པར། སེམས་ཁམས་ཐེ་ཇུས་སོགས་ཚུད་པའི་ཆེད་ལས་ལག་རྩལ་མི་སྣ149སྨན་ཁང་དུ་བཅའ་སྡོད་བྱས་ཡོད། མིག་སྔར་སྐྱོབ་བཅོས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།    

ཀྲང་ཧའོ་ཡིས་བཤད་རྒྱུར། “ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་ཡུལ་སྐོར་ཚོགས་པ་དང་རང་མོས་ངང་ཕྱིར་སྐྱོད་མཁན་གྱིས་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་སོགས་འབྲེལ་ཡོད་སྡེ་ཁག་གི་བླང་བྱ་ལྟར་ཡུལ་སྐོར་བྱེད་སྒོ་མྱུར་དུ་སྤེལ་མཚམས་འཇོག་དགོས་པ་དང་། རང་འགུལ་ངང་ས་གནས་དེ་གའི་སྡེ་ཁུལ་ལམ་ཡང་ན་རིམས་ནད་ཚོད་འཛིན་སྡེ་ཚན་དང་འབྲེལ་གཏུག་བྱས་ནས། ཉིང་སྐྱུར་ཞིབ་དཔྱད་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་བྱེད་དགོས” ཀྲང་ཧའོ་ཡིས་ད་དུང“ཀན་སུའུ་ཡིས་མུ་མཐུད་དུ་ཁྱབ་ཁོངས་ཆེ་རུ་གཏོང་ནས་གནད་ཕུགས་གྲལ་བཤེར་ཡག་པོ་བྱས་ཏེ་གནད་ཕུགས་སྔོན་འགོག་ཚོད་འཛིན་བྱས་ནས་ནད་དུག་ཁོངས་བརྒལ་ཁྱབ་མཆེད་ནན་འགོག་བྱ་རྒྱུ་ཡིན་པ་རེད། བཀག་སྡོམ་ཚོད་འཛིན་བྱེད་པའི་གཞིས་ཁུལ་དོ་དམ་ལ་ཤུགས་སྣོན་པ་དང་། ཁྱིམ་སྡོད་ལོགས་དབྱེ་ནན་འཛིན། སྡེ་ཁུལ་དུ་རིམས་ནད་ཁྱབ་མཆེད་བྱེད་པ་ནན་འགོག་བཅས་བྱས་ཏེ་འབད་པ་གང་ནུས་ཀྱིས་རིམས་ནད་་མཆེད་པ་བཀག་འགོག་བྱ་དགོསཞེས་བཤད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།