ཀྲུང་གོ་བོད་ཀྱི་དྲ་བ།

ཚན་རྩལ་པུའུ་ཡིས་ཀན་ལྷོ་རྩྭ་ཐང་སྐྱེ་ཁམས་མ་ལག་སོགས་རྒྱལ་ཁབ་ཀྱི་བྱེས་ཐང་ས་ཚིགས69སྐྲུན་རྒྱུར་ཆོག་མཆན་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚན་རྩལ་པུའུ་ཡི་གཞུང་ཕྱོགས་དྲ་ཚིགས་ཀྱིས《ཀན་སུའུ་ཀན་ལྷོ་རྩྭ་ཐང་སྐྱེ་ཁམས་མ་ལག་སོགས་རྒྱལ་ཁབ་ཀྱི་བྱེས་ཐང་ཚན་རིག་ལྟ་ཞིབ་ཞིབ་འཇུག་ས་ཚིགས69བསྐྲུན་རྒྱུར་ཆོག་མཆན་བཀོད་པའི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་ལྟར་ན། སྡེ་ཁག་དང་ས་གནས་ཀྱིས་འོས་སྦྱོར་དང་ཆེད་མཁས་མི་སྣར་བློ་འདྲི་བྱས་པ་བརྒྱུད། ཚན་རྩལ་པུའུ་ཡིསཀན་སུའུ་ཀན་ལྷོ་རྩྭ་ཐང་སྐྱེ་ཁམས་མ་ལགསོགས་ཀྱི་བྱེས་ཐང་ས་ཚིགས69རྒྱལ་ཁབ་ཀྱི་བྱེས་ཐང་ཚན་རིག་ལྟ་ཞིབ་ཞིབ་འཇུག་ས་ཚིགས་སུ་གཏན་ཁེལ་བྱས་པ་རེད།

རྒྱལ་ཁབ་ཀྱི་བྱེས་ཐང་ཚན་རིག་ལྟ་ཞིབ་ཞིབ་འཇུག་ས་ཚིགས69འདི་དེ་མཚུངས་ཀྱི་ལས་ཁུངས་དང་བསྟུན་ནས་འཛུགས་སྐྲུན་བྱ་རྒྱུ་དང་། དཔེར་ན། ལན་ཀྲུའུ་སློབ་ཆེན་བརྒྱུད་དེ་ཀན་སུའུ་ཀན་ལྷོ་རྩྭ་ཐང་སྐྱེ་ཁམས་མ་ལག་རྒྱལ་ཁབ་བྱེས་ཐང་ཚན་རིག་ལྟ་ཞིབ་ཞིབ་འཇུག་ས་ཚིགས་དང་། བྱང་ཤར་དགེ་འོས་སློབ་ཆེན་བརྒྱུད་དེ་ཅི་ལིན་སོན་ནུན་རྩྭ་ཐང་སྐྱེ་ཁམས་མ་ལག་རྒྱལ་ཁབ་བྱེས་ཐང་ཚན་རིག་ལྟ་ཞིབ་ཞིབ་འཇུག་ས་ཚིགས་དང་། ཀྲུང་གོ་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་ཚད་ཡོད་ཀུང་སི་དང་། ཀྲུང་གོ་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་ཚད་ཡོད་ཀུང་སི་བརྒྱུད་དེ་བོད་ལྗོངས་ཡངས་པ་ཅན་གྱི་ས་བབ་མཐོ་བའི་གློག་ཤུགས་བདེ་འཇགས་དང་གློག་སྡུད་ཁོར་ཡུག་རྒྱལ་ཁབ་བྱེས་ཐང་ཚན་རིག་ལྟ་ཞིབ་ཞིབ་འཇུག་ས་ཚིགས་བཅས་བསྐྲུན་རྒྱུ་རེད།

གསར་འགོད་པས་ཤེས་གསལ་ལྟར་ན། རྒྱལ་ཁབ་བྱེས་ཐང་ས་ཚིགས་ནི་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་རྟེན་གཞི་གལ་ཆེན་ཁྲོད་ཀྱི་གཅིག་ཡིན་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་ནང་གི་གྲུབ་ཆུ་གཙོ་བོ་ཞིག་ཀྱང་ཡིན། རྒྱལ་ཁབ་བྱེས་ཐང་ས་ཚིགས་ཀྱིས་སྤྱི་ཚོགས་དཔལ་འབྱོར་དང་ཚན་རྩལ་འཐབ་ཇུས་ལ་ཁ་གཏད་དེ། རང་རྒྱལ་གྱི་རང་བྱུང་ཆ་རྐྱེན་གྱི་ས་ཁམས་ཁྱབ་སྟངས་ཀྱི་ཆོས་ཉིད་བཀོད་སྒྲིག་བཞིན་འཛུགས་སྐྲུན་བྱས་ཤིང་། ལོ་མང་པོའི་འཕེལ་རྒྱས་བརྒྱུད་མཐོང་ཐོས་མྱོང་གྲུབ་ཀྱི་གནས་གཏན་ཁེལ་བྱས་པའི་ལྟ་དཔྱད་ཚད་འཇལ་གཞི་གྲངས་མང་པོ་ཐོབ་པས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་མ་ཟད། བྱེས་ཐང་དུ་ལས་དོན་སྤེལ་བའི་ཚན་རྩལ་ལས་དོན་མི་སྣ་ཁག་ཅིག་གསོ་སྐྱོང་བྱས་པ་དེས་འབྲེལ་ཡོད་རིག་ཚན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།