ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ཀྲུང་ལུགས་གསོ་རིག་ཆེད་མཁས་པའི་རྒྱུད་འཛིན་ལས་སྒྲུབ་ཁང16ལ་ཞིབ་བཤེར་རྩིས་ལེན་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཁབ་རིམ་པའི་གསོ་རིག་ཆེད་མཁས་པ་ཀྲོའུ་ཞིན་ཡིའུ་ལས་སྒྲུབ་ཁང་དང་། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་མཁས་པ་གྲགས་ཅན་ཝང་ཙི་ལི་དང་ལིའུ་པའོ་ཧུ། ཀྲང་ཧྲི་ཆིན་བཅས་ཀྱི་རྒྱུད་འཛིན་ལས་སྒྲུབ་ཁང་། 2018ལོའི་རྒྱལ་ཡོངས་གཞི་རིམ་ཀྲུང་ལུགས་གསོ་རིག་མཁས་པ་ཀྲུའུ་ཅན་ཞིན་དང་ཝང་སུའེ་ཀྲུའུ། ཧུའེ་ཁྲིན་ཞིན། ཝང་ཞའོ་ཧྥིན། གདུགས་དཀར་བཀྲ་ཤིས། ཀྲོའུ་ཏ་ཡུན། ཞུའུ་ཅིན་ལིན། པའོ་ཧྥན་ཧྭ། ཝང་ཅིན་ལུའུ། ཝང་རོང་ཀྲུང་། སུང་ཅུན། མེའོ་དབྱི་ཝུན་བཅས་ཀྱི་རྒྱུད་འཛིན་ལས་སྒྲུབ་ཁང་ལ་ཞིབ་བཤེར་རྩིས་ལེན་བྱས། དུས་ཡུན་ཟླ་གཅིག་ཙམ་གི་ཞིབ་བཤེར་དཔྱད་འཇོག་ལས་དོན་སྤེལ་བ་བརྒྱུད། ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ཀྲུང་ལུགས་གསོ་རིག་ཆེད་མཁས་པའི་རྒྱུད་འཛིན་ལས་སྒྲུབ་ཁང16ལ་ཞིབ་བཤེར་རྩིས་ལེན་ཐོབ།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།