ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ཁོངས་ཡོངས་ཡུལ་སྐོར་ལ་བརྟེན་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1127853146_16314122546831n.jpg

འདི་ནི་ཟླ9བའི་ཚེས11ཉིན་པར་བླངས་བའི་ཀན་ལྷོ་ཁུལ་ཅོ་ནེ་རྫོང་གི་མ་རུ་གྲོང་རྡལ་གྱི་ལུས་གསེར་སྡེ་བའི་རྣམ་པ་རེད།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀླུ་ཆུའི་འགྲམ་ངོགས་སུ་གནས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་མ་རུ་གྲོང་རྡལ་ལུས་གསེར་སྡེ་བ་ནི་ས་གནས་དེའི་མིང་གྲངས་ལྡན་པའི་ཁོངས་ཡོངས་ཡུལ་སྐོར་གྱི་དཔེ་སྟོན་སྡེ་བ་ཡིན། ཉེ་བའི་ལོ་འགའི་རིང་། ལུས་གསེར་སྡེ་བས་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་སྟབས་བདེ་ཅན་གྱི་འགྲིམ་འགྲུལ་ཆ་རྐྱེན་ལ་བརྟེན་ནས། ཕྱོགས་ཡོངས་ནས་འཚོ་སྡོད་ཁོར་ཡུག་དང་སྡེ་བའི་རྣམ་པ་མཐོར་འདེགས་སུ་བཏང་སྟེ། སྤུས་ལེགས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་མེ་ཏོག་གི་རྒྱ་མཚོའི་ལྟ་སྐོར་ཁུལ། ཤིང་ཏོག་དང་སྔོ་ཚལ་འཐོག་གླིང་། བོད་ཁྱིམ་རིག་གནས་མྱོང་རོལ་སོགས་ཡུལ་སྐོར་ཐོན་ལས་རྣམ་གྲངས་ལ་བརྟེན་ནས། ཁྱད་ལྡན་ཞིང་སྡེའི་ཡུལ་སྐོར་ཐོན་རྫས་གྲངས་ཅན་སྐྲུན་ཏེ། ཞིང་ཕྱུགས་ལས་དང་ཡུལ་སྐོར་ལས་རིགས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བ་དང་ཆབས་ཅིག་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་གསར་བ་བསྣན་པ་རེད།  །

1127853146_16314122547181n.jpg

པར་འདི་ནི་ཟླ9པའི་ཚེས11ཉིན་གནས་སྐོར་བ་འགའ་ཞིག་གིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་མ་རུ་གྲོང་རྡལ་ལུས་གསེར་སྡེ་བ་རུ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།

1127853146_16314122547621n.jpg

པར་འདི་ནི་ཟླ9པའི་ཚེས11ཉིན་གནས་སྐོར་བས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་མ་རུ་གྲོང་རྡལ་ལུས་གསེར་སྡེ་བ་རུ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།

1127853146_16314122547951n.jpg

པར་འདི་ནི་ཟླ9པའི་ཚེས11ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་མ་རུ་གྲོང་རྡལ་ལུས་གསེར་སྡེ་བའི་ལས་བྱེད་མི་སྣས་ཡུལ་སྐོར་བར་ཟ་མ་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད།

1127853146_16314122548311n.jpg

པར་འདི་ནི་ཟླ9པའི་ཚེས11ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་མ་རུ་གྲོང་རྡལ་ལུས་གསེར་སྡེ་བའི་ལས་བྱེད་མི་སྣས་ཡུལ་སྐོར་བར་བྲོ་བ་ཞིམ་པའི་ཇ་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད།

1127853146_16314122548631n.jpg

པར་འདི་ནི་ཟླ9པའི་ཚེས11ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་མ་རུ་གྲོང་རྡལ་ལུས་གསེར་སྡེ་བའི་ལས་བྱེད་མི་སྣས་ཡུལ་སྐོར་བར་ཟ་མ་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།