ཀྲུང་གོ་བོད་ཀྱི་དྲ་བ།

​ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་བཅོས་སྐྱོང་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་ཀྱི་ལྟ་སྦྱོང་ཚོགས་པ་ཀན་ལྷོ་རུ་ཡོང་བ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2021-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས6ཉིན་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་སོ་སོའི་མི160ལྷག་གིས་གྲུབ་པའི་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་བཅོས་སྐྱོང་གི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་ཀྱི་ལྟ་སྦྱོང་ཚོགས་པ་ལིན་ཐན་རྫོང་ཡར་རྫ་སྡེ་བ་དང་ཁྲི་ཀོའུ་སྡེ་བ། མིའོ་ཀོའུ་སྡེ་བ་སོགས་སུ་སོང་ནས། རང་ཁུལ་གྱི་ཞིང་སྡེ་བཅོས་སྐྱོང་དང་ཞིང་སྡེ་དར་རྒྱས་སོགས་ཀྱི་བྱ་བར་ཡུལ་དངོས་ནས་ལྟ་སྦྱོང་བྱས།    

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཞིང་ཆེན་ཏང་ཨུའི་ཞིང་ལས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ནམ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གི་ཐིང་ཀྲང་ལི་ཝང་ཙེ་ལྟ་སྦྱོང་བྱ་འགུལ་དུ་ཞུགས།    ཁུལ་གྱི་འགོ་ཁྲིད་པ་མ་ཡུས་དང་ལིའང་ཝེ་ཅི། དབྱང་ཞུའེ་ཧྥུན། ཀའོ་ཞའོ་ཏུང་སོགས་ཀྱིས་མཉམ་དུ་ལྟ་སྦྱོང་བྱས།    

ཉེ་བའི་ལོ་འགར། རང་ཁུལ་གྱིས “ཞིང་གསུམ”བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གནང་བའི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་དང་ཞིང་སྡེ་དར་རྒྱས་གཏོང་རྒྱུ་ཁྲིད་ཕྱོགས་སུ་འཛིན་པ། གྲོང་གསེབ་ཀྱི་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཏུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་གསར་འཛུགས་དང་། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན། ཞིང་སྡེའི་རིག་གནས་ཡུལ་སྐོར་གྱི “གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་ལས་གྲྭ་དང་དབུལ་ཐར་མཁྲེགས་གཏོར་གྱི་ལས་གཞི་ཟུང་འབྲེལ་དམ་པོ་བྱས་ཏེ། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་བཀོད་སྒྲིག་བྱས་ནས་དམིགས་ཚད་ལ་དམ་པོར་དམིགས་པ་དང་། “གསར་བརྗེ་ཆེན་པོ་གསུམ”ལ་ཕན་འབྲས་མངོན་གསལ་ཐོབ་པར་བྱེད་པ། “བྱ་སྤྱོད་ཆེན་པོ་དྲུག”ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་བཅས་ཀྱིས“གནོད་མེད་ལྔ་ཡི་ཀན་ལྷོ”ཞེས་པའི་སྤུས་རྟགས་གཏོད་པའི་ལས་འགོ་ཚུགས་ཞིང་། རང་ཁུལ་གྱི་ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་དམག་འཐབ་དང་བོ་དེར་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ། རང་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གཞི་རྟེན་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ནས། “ཞིང་གསུམ”བྱ་བའི་མ་དཔེ་གསར་བ་གསར་གཏོད་བྱས། རང་བྱུང་གྲོང་ཚོ་རེ་རྩིས་གཞི་རེར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བྱ་རྒྱུ་གཅིག་འདོམས་སུ་བཟུང་སྟེ། “སྐྱེ་ཁམས་མི་སྡོད་དང་སྐྱེ་ཁམས་དཔལ་འབྱོར། སྐྱེ་ཁམས་ཁོར་ཡུག སྐྱེ་ཁམས་རིག་གནས”བཅས་ཀྱི་ལས་གྲྭ་ཆེན་པོ་བཞི་ལག་བསྟར་བྱས། “བདུན་བཅོས་དྲུག་ཅན་དང་གསུམ་སྐྱོང་གཉིས་བྲལ”དམིགས་ཡུལ་དུ་བཟུང་ནས། ཐོན་ཁུངས་སྣ་ཚོགས་ཀྱི་མ་དངུལ་སྡེབ་སྒྲིག་བྱས་ཤིང། མ་དངུལ་སྒོར་དུང་ཕྱུར 155བཏང་ནས་རིམ་རྩིས་བྱས་ན་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 1603བསྐྲུན་པ་དང་། ལས་གཞི་སྡེ་བའི་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་འཕེལ་རྒྱས། སྡེ་བའི་རྣམ་པ། སྤྱི་བའི་ཞབས་ཞུ། སྤྱི་ཚོགས་འགན་ལེན་བཅས་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ནས་སྐྱེ་ཁམས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས། དབུལ་ཐར་ཕན་འབྲས། གཏན་འཇགས་ཕན་འབྲས་བཅས་ཧ་ཅང་ཆེན་པོ་ཐོན་པ་དང་། ཁྱིམ་ཚང་ཁྲི 2.18དང་མི་གྲངས་ཁྲི 9.76དབུལ་ཐར་བྱུང་བར་སྐུལ་ཁྲིད་བྱས་ནས་ཁུལ་ཡོངས་ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཐར་མི་འབོར་གྱི 55%ཟིན།    

ཡུལ་དངོས་སུ་ལྟ་སྦྱོང་བྱས་པ་བརྒྱུད། ཚོགས་ཞུགས་མི་སྣས་ཀན་ལྷོའི་ཞིང་སྡེ་བཅོས་སྐྱོང་དང་ཞིང་སྡེ་དར་རྒྱས་གཏོང་བའི་བྱ་བར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་ཤིང་། ལིན་ཞ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁང་ཡུས་རྨིན་གྱིས་ཀན་ལྷོའི་ཞིང་སྡེ་དར་རྒྱས་གཏོང་བའི་བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་ཐོན་པ་དང་། ཀན་ལྷོའི་འཕེལ་རྒྱས་དེ“སྔོ་ཞིང་གཙང་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཀྱི་སྟེང་ན་དངོས་སུ་མངོན་ཡོད་ལ། ལྗང་མདོག་འཕེལ་རྒྱས་དང་ས་ཁོངས་ཧྲིལ་བོར་ཡུལ་སྐོར་དུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་གཏོད་པ་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསླེབས་ཡོད་པས་ང་ཚོས་སློབ་སྦྱོང་བྱེད་སའི་མིག་དཔེ་ཞིག་རེད”ཅེས་བཤད།  །    

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།