ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བོད་མཐོ་སྒང་སྐྱེ་ཁམས་དཔལ་ཡོན་གསར་གཏོད་དཔེ་སྟོན་ཁུལ་གྱི་ལས་གཞི་དང་རྐྱང་ཐང་མཚོའི་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ཇུས་འགོད་ཀྱི་སྙན་ཞུའི་གྲོས་ཚོགས་ཚོགས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2021-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས28ཉིན་ལ། ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་མཚོ་བོད་མཐོ་སྒང་སྐྱེ་ཁམས་དཔལ་ཡོན་གསར་གཏོད་དཔེ་སྟོན་ཁུལ་གྱི་ལས་གཞི་དང་རྐྱང་ཐང་མཚོའི་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ཇུས་འགོད་ཀྱི་སྙན་ཞུའི་གྲོས་ཚོགས་སུ་ཞུགས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལན་ལེན་མཐར་ཕྱིན་བྱེད་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། མཚོ་བོད་ཀྱི་སྒེའུ་ཁུང་ལ་མཛེས་རྒྱན་སྤྲས་ནས་དཔལ་ཡོན་གྱི་གློག་སྒྲོན་གསལ་བོ་སྤར་བ་དང་སྐྱེ་ཁམས་ཀྱི་མཆོད་རྟེན་གསལ་བོ་སྟོན་པ། རེ་བའི་འོད་སྣང་ཁྱབ་པར་བྱེད་པ། འབྱུང་འགྱུར་གྱི་ཕུགས་འདུན་སད་པར་བྱས་ཏེ། ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ལས་གཞི་དེ་པིར་གྱིས་བཞེངས་འདྲ་དང་ཉམས་པ་མེད་པའི་བརྩམས་ཆོས་ཤིག་ཏུ་གཏོད་དགོས་ཞེས་ནན་གྱིས་བསྟན། 

    གྲོས་ཚོགས་སུ། ཀྲུང་གོ་འཛུགས་སྐྲུན་ཇུས་འགོད་ཚོགས་པ་ཚད་ཡོད་ཀུང་སིའི་ཞིང་གྲོང་དང་མཛེས་ལྗོངས་སྐྱེད་ཚལ་ཇུས་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝུའུ་དབྱི་ཞ་དང་སྤྱི་ཁྱབ་འཛུགས་སྐྲུན་པ་གཞོན་པ་ཡོན་ཡེ་ཡིས་འཆར་གཞི་ཇུས་འགོད་ཇུས་གཞི་དང་འགྲེམ་སྟོན་ཁང་གི་ཨར་ལས་དཔེ་རིས་ངོ་སྤྲོད་ཞིབ་མོ་བྱས་ཤིང་། ཚོགས་ཞུགས་མི་སྣས་གྲོས་བསྡུར་ནན་མོ་བྱས་པ་དང་འབྲེལ་བསམ་འཆར་དང་གྲོས་གཞི་བཏོན།
    ཡུས་ཁྲིན་ཧུའེ་ཡིས་མཚོ་བོད་མཐོ་སྒང་སྐྱེ་ཁམས་དཔལ་ཡོན་གསར་གཏོད་དཔེ་སྟོན་ཁུལ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་བོད་ལྗོངས་བྱ་བའི་སྐོར་གྱི་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པ་དང་ཀྲུང་དབྱང་གི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་ལེན་ནུས་ལྡན་བྱས་པ་ཞིག་ཡིན་པ་དང་། ཁོར་ཡུག་གསར་བརྗེར་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པ། “གཅིག་བཅུ་བརྒྱ་སྟོང་ཁྲིའི”ལས་གྲྭ་ལག་ལེན་བྱས་པའི་བསམ་གཞིགས་ཟབ་མོ་དང་ཀན་ལྷོ་འཕེལ་རྒྱས་ཀྱི་གཏན་ཁེལ་གནས་ཐིག་ཁོང་ཆུད་ཡང་དག་བྱས་པ་ཞིག་ཡིན་པ་མ་ཟད། “གནོད་མེད་ལྔའི་ཀན་ལྷོ”གསར་སྐྲུན་བྱ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཕུན་སུམ་ཚོགས་པ་ཞིག་ཡིན། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་སོ་སོས་ཧུར་ཐག་གིས་བྱ་འགུལ་སྤེལ་ཏེ་དཀའ་གནད་དང་འགོག་རྐྱེན་སེལ་ནས་ཞབས་ཞུའི་བྱ་བ་ལེགས་པོ་བསྒྲུབས་པ་དང་། མ་དངུལ་དམིགས་སར་འབྱོར་བ་དང་བྱ་སྤྱོད་དམིགས་སར་འབྱོར་བ་འགན་ལེན་བྱེད་པ་དང་གང་མགྱོགས་ཀྱིས་འགོ་འཛུགས་པ་དང་སང་ལོར་བསྐྲུན་ཐུབ་པ་འགན་ལེན་བྱས་ནས། སྲིད་གཞུང་དང་ཁེ་ལས་མཉམ་འགུལ་གྱི་མཉམ་སྒྲོག་རོལ་དབྱངས་དཀྲོལ་བ་དང་ཀན་ལྷོ་འཕེལ་རྒྱས་ཀྱི་ཟློས་གར་ལེགས་པོ་ཞིག་འཁྲབ་སྟེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གསར་གཏོད་དཔེ་སྟོན་ཁུལ་གྱི་ལས་གཞི་སྒྲུབ་ཐེངས་གཅིག་གིས་འགྲུབ་པར་བྱ་དགོས་ཞེས་ནན་གྱིས་བསྟན།

ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དབྱང་ཝུའུ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཁོས་འཆར་འགོད་ཇུས་གཞི་དེར་ཚད་མཐོའི་ཇུས་འགོད་ཀྱི་འདུ་ཤེས་འདྲེས་པ་དང་ཞིབ་ཚགས་ཆེ་ཞིང་མཛེས་སྡུག་ལྡན་པའི་དེང་རབས་ཀྱི་གཞི་རྒྱུ་མངོན་ཡོད་པས། ཇུས་འགོད་ཚོགས་པའི་བསམ་བློ་གཏོང་མཁས་པ་མཚོན་ཡོད། སྐྱེ་ཁམས་ཀྱི་གཏན་ཁེལ་གནས་ཐིག་ནས་རྐང་འཛུགས་པ་དང་ནང་དོན་དང་ངོ་བོ་དམ་འཛིན་བྱས་ཏེ། ས་གནས་དེ་གའི་ཕྱུགས་ལས་རིག་གནས་དང་ཁྱད་ལྡན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་གདམ་གསེས་དང་མཉམ་འདྲེས་བྱ་རྒྱུར་སྣང་ཆེན་བྱས་ནས། ཁྱད་ལྡན་གྲོང་རྡལ་ཆུང་ངུའི་གསོན་ཤུགས་ཆེ་རུ་གཏོང་བ་དང་། རིག་རྩལ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་འགོ་འཛུགས་ས་བྱེད་པ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་ཏེ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དོན་ལ་འབབ་ས་བྱས་ཏེ། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་མཉམ་འདུས་དང་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ཐོན་ལས་སྟེགས་བུ་གཏོད་པ་དང་། རིམ་འགྱུར་ལས་བྱུང་བའི་ཡུལ་སྐོར་ཐོན་རྫས་གསར་བ་མགྱོགས་མྱུར་གྱིས་ཐོན་པ་བྱས་ནས། ཐོན་ལས་སྦྲེལ་ཐག་ནུས་ལྡན་ངང་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་གྱི་རྣམ་པ་གསར་བ་ཐོན་པར་སྐུལ་འདེད་གཏོང་བ། སྔོན་རྩིས་ཀྱི་མ་དངུལ་ཕན་ནུས་ཆེན་པོས་བེད་སྤྱོད་དང་ལས་གཞི་དོན་ཐོག་ཏུ་འཁྱོལ་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གཉེར་སྐྱོང་དོ་དམ་བྱེད་སྟངས་ཇེ་ལེགས་སུ་གཏོང་བ། གཅིག་གྱུར་འཆར་འགོད་ཀྱིས་འཛུགས་སྐྲུན་དང་འགྲེམ་སྟོན་ཁང་བཀོད་སྒྲིག་ལ་བསམ་གཞིགས་བྱས་ཏེ། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན།

ཀན་ལྷོ་ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཁུལ་ནོར་སྲིད་ཅུས། ཁུལ་རིག་གནས་ཡུལ་སྐོར་ཅུས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས། ཁུལ་རང་བྱུང་ཐོན་ཁུངས་ཅུས། ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས། དེ་མིན་ཀླུ་ཆུ་རྫོང་གི་འབྲེལ་ཡོད་འགན་ཁུར་བ་བཅས་གྲོས་ཚོགས་སུ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།