ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་རྣམ་གྲངས་གཉིས་སྐོར་བཞི་བའི་རྒྱལ་ཁབ་སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་གི་དཔེ་སྟོན་རྣམ་གྲངས་སུ་བདམས་ཐོན་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཉེ་སྔོན། རིག་གནས་དང་ཡུལ་སྐོར་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་སྐོར་བཞི་བའི་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་གི་དཔེ་སྟོན་ཁུལ(རྣམ་གྲངས)གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་གྱི་གཅིག་བསྡུས་དཔེ་ཀློག་ཞབས་ཞུ་དང་ཀན་ལྷོ་ཁུལ་མི་རིགས་ཁྱད་ལྡན་གྲངས་འཛིན་དཔེ་མཛོད་ཁང་འཛུགས་སྐྲུན་གྱི་རྣམ་གྲངས་གཉིས་ལ་རྒྱལ་ཁབ་སྤྱི་པའི་རིག་གནས་ཞབས་ཞུ་དཔེ་སྟོན་རྣམ་གྲངས་ཀྱི་མིང་བཏགས། དེར་བརྟེན་ཀན་སུའུ་ཞིང་ཆེན་དུ་བསྡོམས་པས་གྲོང་ཁྱེར3དང་རྣམ་གྲངས7རྒྱལ་ཁབ་རིམ་པའི་སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་དཔེ་སྟོན་གྲོང་ཁྱེར་དང་དཔེ་སྟོན་རྣམ་གྲངས་སུ་ཚུད་ཡོད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།