ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་འབྲུག་ཆུ་རྫོང་གིས་ས་གཤིས་གནོད་འཚེ་ལས་གཡོལ་བའི་གནས་སྤོར་བྱེད་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས7ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ། ས་གཤིས་གནོད་འཚེ་ལས་གཡོལ་བའི་གནས་སྤོར་བྱེད་མགོ་བརྩམས། སྐོར་དང་པོའི་ཁྱིམ་ཚང་60དང་ཁྱིམ་མི289མཉམ་གཅིག་ཏུ་རླངས་འཁོར་ལ་བསྡད་དེ་ལེ་བར་བརྒྱ་ལྷག་ཡོད་པའི་ལན་གྲུ་གྲོང་ཁྱེར་གྱི་ཁུལ་གསར་དུ་བཅའ་སྡོད་བྱེད་པར་ཆས།

རྒྱུས་ལོན་བྱས་པ་ལྟར་ན། འབྲུག་ཆུ་རྫོང་གིས་ཁྱིམ་ཚང1472ལྷག་གིས་གནས་སྤོར་བཅའ་སྡོད་ཀྱི་ཡིག་ཆར་མིང་རྟགས་བཀོད་པ་དང་། ཡིག་ཆར་ལེགས་བཅོས་ཐེངས་མང་བྱས་པ་བརྒྱུད། ཐོག་མར། རི་སྣུར་གནོད་སྐྱོན་ཆེ་བའི་དུད་ཁྱིམ179མཉམ་གཅིག་ཏུ་ལན་གྲུ་གྲོང་ཁྱེར་གྱི་ཁུལ་གསར་དུ་གནས་སྤོར་རྒྱུ་གཏན་ཁེལ་བྱས་པར་མ་ཟད། 《གནས་སྤོར་སྐྱེལ་འདྲེན་འཆར་གཞི》བཟོས་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།