ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ8པའི་ཚེས7ཉིན། བསང་ཆུ་རྫོང་དུ་ཐོན་པའི་མི་སྣར་རྒྱུན་གཏན་གྱི་ཞིབ་བཤེར་བྱེད་སྐབས། བསང་ཆུ་རྫོང་དུ་སྒེར་འཁོར་སྐོར་ནས་ཡོང་བའི་ཧྲང་ཧའེ་ཡི་ཡུལ་སྐོར་བ་ཞིག་གི་ཉིང་སྐྱུར་བཤེར་འཇལ་མཇུག་འབྲས་གདགས་གཤིས་མངོན། ང་ཚོས་འཕྲལ་དུ་འབྲེལ་ཡོད་མི་སྣ་དང་ཁོར་ཡུག་ལ་གཉིས་ལེན་གཉིས་བཤེར(སྨན་པ་མི་འདྲ་བས་མཉམ་དུ་དཔེ་ལེན་དང་། སྣ་དང་མིད་པ་གཉིས་ནས་དཔེ་ལེན། བཟོ་གྲྭ་གཉིས་ཀྱི་ཚོད་རྫས་ནས་ཞིབ་བཤེར་བྱེད་པ། ཞིབ་དཔྱད་སྒྲིག་གཞི་མི་འདྲ་བ་ནས་ཞིབ་བཤེར། ཚོད་ལྟ་ཁང་གིས་རིམ་པ་གཉིས་ནས་ཞིབ་བཤེར་བྱེད་པ)བྱས་པ་དང་། ཁུལ་དང་རྫོང་རིམས་འགོག་སྡེ་ཁག་དང་སྨན་བཅོས་སྒྲིག་གཞི་དུ་བསྐྱལ་ནས་ཡང་བསྐྱར་ཞིབ་བཤེར་བྱས་ཤིང་། མཇུག་འབྲས་ཚང་མ་སྲིབས་གཤིས་མངོན་ཡོད། ཞིབ་བཤེར་མཇུག་འབྲས་མ་ཐོན་པའི་སྔོན་དུ། རྒྱ་ཆེའི་མི་དམངས་མང་ཚོགས་དང་ཡུལ་སྐོར་བའི་ཚེ་སྲོག་བདེ་འཇགས་དང་མི་ལུས་བདེ་ཐང་ལ་འགན་ལེན་བྱ་ཆེད། ང་ཚོས་གནས་སྐབས་སུ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་དང་ཡུལ་སྐོར་བར་བར་ཆད་བཟོས་པར་བཟོད་གསོལ་ཞུ་བ་ཡིན། དེ་དང་མཉམ་དུ། རྒྱ་ཆེའི་མི་དམངས་མང་ཚོགས་དང་ཡུལ་སྐོར་བས་བསང་ཆུ་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རམ་འདེགས་དང་རྒྱབ་སྐྱོར་བྱེད་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྐབས་འདིར། གནས་སྐབས་ཀྱི་བཀག་སྡོམ་བྱེད་ཐབས་མེད་པར་བཟོས་པ་ཡིན།

ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བའོ།།

བསང་ཆུ་རྫོང་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས།

2021ལོའི་ཟླ8པའི་ཚེས8ཉིན་ལ།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།