ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱི་རིག་དངོས་ཅུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20210728172552.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས27ཉིན། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་རིག་དངོས་ཅུའུ་ཡིས་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་དང་གྲོང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲང་ཞའོ་ཧུའེ་དང་། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་པད་མ་དོན་གྲུབ་དང་། དེ་བཞིན་གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

微信图片_20210728172548.jpg

རྒྱུས་ལོན་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་ལས་དོན་སྤེལ་མགོ་ཚུགས་པ་ནས་བཟུང་། གཙོས་གྲོང་ཁྱེར་གྱིས་རིམ་པ་ཁག་གི་གནས་སྤོ་མི་ཐུབ་པའི་རིག་དངོས་བསྡོམས་པས38བརྟག་དཔྱད་ཐོ་འགོད་བྱས་པའི་ཁྲོད། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ2དང་རྫོང(གྲོང་ཁྱེར)རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ36ཚུད་ཡོད་པ་དང་། རིག་དངོས་ས་ཚིགས་གྲོང་ཁྱེར་ཡོངས་ཀྱི་ཤང(གྲོང་རྡལ)10དང་སྲང་ལམ10ལ་ཁྱབ་ཡོད་པ་དང་། རིག་དངོས་ཡོངས་ཁྱབ་ཞིབ་བཤེར་སྲིད་འཛིན་གྲོང་ཚོར་འབྱོར་ཚད100%ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།