ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་། ཡུལ་སྐོར་གྱི་གནས་མཆོག་ཅིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཙོས་གྲོང་ནི་ནང་ཁུལ་དང་ཆེས་ཐག་ཉེ་བའི་མཚོ་བོད་མཐོ་སྒང་གི་ས་ཆ་ཞིག་དང་ཀྲུང་གོའི་ཆེས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གནས་མཆོག་ཅིག་ཡིན། ཆར་ལྡན་དབྱར་གྱི་དུས་འདིར། ཀན་ལྷོ་ཡིས་བཞིན་གྱི་སེང་རས་ཕྱེ་སྟེ་ཆེས་མཛེས་སྡུག་ལྡན་པའི་མཛུམ་མདངས་མངོན་ཡོད།

དམེ་རུའི་རྩྭ་ཐང་སྟེང་དུ། སྐར་བཟང་མེ་ཏོག་ཚོམ་བུ་དང་ཚོམ་བུ་བཞིན་ཕན་ཚུན་བཀྲག་མདངས་ངོམ་བཞིན་མེ་ཏོག་གི་རྒྱ་མཚོ་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅིང་། རྒྱང་རིང་གི་སྤང་རིའི་སྟེང་གི་ལུག་ཁྱུས་སོས་དལ་བག་ཕེབས་ངང་རྩྭ་བཟའ་བཞིན་པ་ནི་སྤང་རི་དེ་ལ་རབ་དཀར་གྱི་ཁ་བཏགས་ཕུལ་བ་དང་གཉིས་སུ་མེད། ཉེ་འཁོར་གྱི་ཡུལ་སྐོར་བ་དག་གིས་ཁ་པར་ནང་ནས་པར་རིས་ག་ཚོད་བླངས་བའང་མ་ཤེས་པར་ངག་ནས་རང་དབང་མེད་པར་བསྟོད་ཚིག་གི་མེ་ཏོག་འཐོར། 

གཙོས་གྲོང་ནི་ཁྱད་ཆོས་ཅན་དང་ལྐོག་གྱུར་ཅན་ཞིག་ཡིན་ཏེ། གྲོང་ཁྱེར་ནང་གི་རྩྭ་ཐང་དང་རྩྭ་ཐང་ཁྲོད་ཀྱི་གྲོང་ཁྱེར་དེ་ཡིན། གཙོས་གྲོང་ཁྱེར་གྱི་མཐའ་ཁུལ་ལྷོ་རིའི་འདབས་སུ་ཡོད་པའི་དོང་ཕྲུག་རྩྭ་ཐང་ནི་གཙོང་གྲོང་དང་ཆེས་ཐག་ཉེ་བའི་རྩྭ་ཐང་མཛེས་ལྗོངས་ཁུལ་ཞིག་ཡིན། མཛེས་ལྗོངས་ཁུལ་གྱི་ཉིན་ངོས་སུ་ནགས་དང་སྲུབ་ངོས་སུ་སྤང་ཐང་སྔོན་མོས་བརྒྱན་ཡོད་ལ། རི་བོ་དང་ནགས་ཚལ། རྩྭ་ཐང་། ལྡིང་ཁང་། རས་གུར་བཅས་གཞི་གཅིག་ཏུ་འདྲེས་ཡོད། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།