ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་ཆུ་ཁོངས་མྱུར་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་ཐོག་མ་དངོས་སུ་བཙུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་མེ་འགོག་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་རྒྱུས་ལོན་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་མེ་འགོག་མེ་གདོད་རུ་ཁག་གི་ཆུ་ཁོངས་མྱུར་སྐྱོབ་ནུས་པ་མཐོར་འདེགས་སུ་བཏང་སྟེ། སྤྱི་ཚོགས་ཀྱི་ཆེད་ལས་ནུས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཆུ་ཁོངས་མྱུར་སྐྱོབ་ནུས་པའི་མི་འདང་ས་ཁ་གསབ་བྱ་ཆེད། ཟླ7པའི་ཚེས23ཉིན། ཀ་ཅུ་ཁུལ་མེ་འགོག་མེ་གསོད་མྱུར་སྐྱོབ་ཡན་ལག་རུ་ཁག་གིས་ཡུང་ཅིན་རྫོང་དུ་ཆུ་ཁོངས་མྱུར་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་འཛུགས་པ་དང་མཉམ་སྦྱོང་མཉམ་སྐྱོབ་ཀྱི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་བསྡུས། འདི་ནི་ཀན་སུའུ་ཞིང་ཆེན་གྱི་ཆུ་ཁོངས་མྱུར་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་ཐོག་མ་ཡིན།

ཆུ་ཁོངས་མྱུར་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་ལ་མིག་སྔར་མི13ཡོད་པ་དང་། དགེ་རྒན་དང་སྨན་པ། རྐྱལ་རྩལ་དགེ་རྒན། མཚོ་དོན་ཅུའུ་གདོང་མཆོང་གྲུ་གཟིངས་ཁ་ལོ་བ་སོགས་ལས་རིགས་མི་གཅིག་པའི་ཁོངས་མིས་གྲུབ་པ་དང་། ལོ་ན་ཆེས་ཆེ་བ48དང་ཆེས་ཆུང་བ28ཡིན་ལ། ཁོངས་མི་ཚང་མ་རྐྱལ་རྩལ་ལ་བྱང་ཆུབ་པ་དང་། མྱུར་སྐྱོབ་མི་སྣའི་དཔང་ཡིག་ཡོད་པ་མ་ཟད་གྲུ་ཁེམ་ལུས་རྩལ་ལ་མཁས་ཤིང་། གྲུ་གཟིངས་ཀྱི་ཆུ་ཐོག་མྱུར་སྐྱོབ་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ཆུ་ཁོངས་མྱུར་སྐྱོབ་ནུས་རྩལ་མཐོན་པོ་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།