ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་རྨ་ཆུའི་རྩྭ་ཐང་གི་གེ་སར་རྡུང་ལེན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

 3.jpg

  4.jpg

    5.jpg

   6.jpg

    7.jpg

    པར་འདི་དག་ནི་གེ་སར་རྡུང་ལེན་པས་རྩྭ་ཐང་དུ་སྒྲ་སྙན་རྡུང་བཞིན་པའི་ཚུལ་རེད།  

དབྱར་གཞུང་དུ་ས་བབ་མཐོ་ཚད་སྨི3000ཙམ་གྱི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྩྭ་ཐང་གི་གེ་སར་རྡུང་ལེན་པ་དག་གིས་རོལ་ཆས་བཟུང་ནས་མཛེས་ཤིང་སྡུག་པའི་རྩྭ་ཐང་དུ་མཉམ་འཛོམས་ཐེངས་ཤིག་བྱུང་སྟེ་རྡུང་ལེན་གྱི་སྒོ་ནས་གེ་སར་རྒྱལ་པོའི་དཔའ་བོའི་གཏམ་རྒྱུད་བརྗོད་པ་དང་། སྙན་འཇེབས་ལྡན་པའི་གེ་སར་རྡུང་ལེན་པ་དེ་དག་ཀྱང་དབྱར་གཞུང་རྩྭ་ཐང་གི་མཛེས་ལྗོངས་ཤིག་ཏུ་གྲུབ་པ་རེད།

རྨ་ཆུ་རྫོང་ལ“གེ་སར་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ལྡན་ལ། ལོ་ངོ་སྟོང་ཕྲག་རིང་བོད་རིགས་དམངས་ཁྲོད་རྡུང་ལེན་པའི་རྒྱུན་འཛིན་འོག་གེ་སར་རྒྱལ་པོའི་གཏམ་རྒྱུད་དེ་མུ་མཐུད་དུ་ཕུན་སུམ་ཚོགས་པར་གྱུར་ནས། རིམ་བཞིན་འཛམ་གླིང་ཡོངས་སུ་མིང་དུ་གྲགས་པའི་དཔའ་བོའི་ལོ་རྒྱུས་སྙན་ངག《གེ་སར་རྒྱལ་པོ》ཞེས་པ་བྱུང་ཞིང་། 2006ལོར་དེ་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་བྱང་ཐོག་མའི་ནང་ཚུད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།