ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་བའི་ཚེས་ལྔའི”གུང་གསེང་རིང་ཀན་སུའུ་ཞིང་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི960སྣེ་ལེན་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་སོ་མ་མཇུག་སྒྲིལ་མ་ཐག་པའི“ལྔ་བའི་ཚེས་ལྔའི”དུས་ཆེན་གྱི་གུང་གསེང་རིང་། ཀན་སུའུ་ཞིང་ཆེན་རིག་གནས་ཡུལ་སྐོར་ཁྲོམ་རའི་མཁོ་སྤྲོད་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ཞིང་། རིག་གནས་ཡུལ་སྐོར་གྱི་བྱ་འགུལ་ངོ་མཚར་ཆེ་བས། “བདེ་འཇགས་དང་གོ་རིམ་ལྡན་པ། སྤུས་ཀ་ལེགས་པ། ཕན་འབྲས་མཐོ་བ། དཔལ་ཡོན་ལྡན་པའི”ཡུལ་སྐོར་དམིགས་འབེན་མངོན་འགྱུར་བྱས། གུང་གསེང་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི965.6སྣེ་ལེན་བྱས་ཏེ། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར66.1མངོན་འགྱུར་བྱས་ཤིང་། དེ་སོ་སོར2020ལོའི་དུས་མཉམ་ལས36.4%དང38%འཕར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།