ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ལ་ཀྲུང་གོའི་རིག་གནས་ཡུལ་སྐོར་ཆས་རྟགས་ཤུགས་རྐྱེན་གྱི་གཟེངས་བསྟོད་གཉིས་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན། པེ་ཅིང་ནས་བསྒྲགས་པའི་མགྱོགས་འཕྲིན་ལྟར་ན། མི་དམངས་ཚགས་པར་ཁང་གིས་ཉིན་དེར་སྤེལ་བའི་སྐབས་བཞི་བའི་ཀྲུང་གོའི་རིག་གནས་ཡུལ་སྐོར་ཆས་རྟགས་ཤུགས་རྐྱེན་གྱི་ཚོགས་ཆེན་སྟེང་། ཀན་སུའུ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ཞིང་ཆེན་བརྒལ་ནས་མཉམ་འབྲེལ་རྩ་འཛུགས་བྱས་པའི་ཀན་སུའུ་རིག་གནས་ཡུལ་སྐོར་གྱི“མེ་འཁོར་ལ་བསྡད་དེ་ནུབ་རྒྱུད་ལ་ཡུལ་སྐོར་བྱེད་པ”བརྗོད་དོན་ཡིན་པའི་འོས་སྦྱོར་ཚོང་གཉེར་བྱ་འགུལ་ལ“2020ལོའི་ཀྲུང་གོའི་རིག་གནས་ཡུལ་སྐོར་ཚོང་གཉེར་གསར་སྐྲུན་དཔེ་མཚོན”གྱིི་བྱ་དགའ་ཐོབ་པ་དང་། ཏུན་ཧོང་ཞིབ་འཇུག་ཁང་ལ“2020ལོའི་ཀྲུང་གོའི་རིག་གནས་ཡུལ་སྐོར་གྱི་ལོ་འཁོར་དམིགས་བསལ་བྱས་རྗེས”བྱ་དགའ་ཐོབ། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།