ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་འདུས་གྲུབ་གློག་ལམ་ཕྱིར་གཏོང་ཚད་བཅུ་ཆའི6ཇེ་མང་དུ་ཕྱིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལན་གྲུ་མཚོ་འགག་གིས་ཚེས9ཉིན་གནས་ཚུལ་བསྒྲགས་པར། ད་ལོར། ཀན་སུའུ་ཞིང་ཆེན་གྱི་འདུས་གྲུབ་གློག་ལམ་གྱི་ཕྱིར་གཏོང་ཚད་ཆེ་ཆེར་འཕར་བ་དང་། ཟླ་སྔོན་མ་གཉིས་ཀྱི་ནང་དུ་འདུས་གྲུབ་གློག་ལམ་གྱི་ཕྱིར་གཏོང་ཚད་སྒོར་དུང་ཕྱུར4.17ལ་སླེབས་ཡོད་པ་དང་། དུས་མཚུངས་ལས59.8%འཕར་ཡོད། 

ལན་གྲུ་མཚོ་འགག་གིས་དབྱེ་ཞིབ་བྱས་པ་ལྟར་ན། ནུས་རྒྱུ་གསར་བའི་རླངས་འཁོར་དང5Gསྐུད་ཚུགས་སོགས་ཁྱབ་ཁོངས་ནང་གི་ཉིང་ལྷེབ་ཀྱི་དགོས་མཁོ་སྔོན་དཔག་ལས་བརྒལ་བ་དང་། ཉིང་ལྷེབ་ཐོན་སྐྱེད་ཀྱི་གོ་རིམ་གཙོ་བོ་སྒྲིག་བཟོ་དང་ཚོད་ལྟའི་ལས་རིགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་སུ་གྱུར་ཡོད་པ་དང་། དེས་གློག་འདྲེན་ཕྱེད་གཟུགས་ལས་རིགས་རྒྱུན་མཐུད་ངང་དར་རྒྱས་སུ་བཏང་།  ། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།