ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡིས་ཁམས་གསོ་ཞབས་ཞུའི་ལས་གཉེར་མི་སྣ་མི་ཐེངས་ཁྲི15ཡན་ལ་གསོ་སྦྱོང་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ནོར་སྲིད་ཐིང་། དམངས་སྲིད་ཐིང་སོགས་ཀྱིས་སྡེ་ཁག6དང་མཉམ་འབྲེལ་སྒོས་བརྡ་སྦྱོར་སྤེལ་ནས་བསྟན་དོན། 2021ལོ་ནས2025ལོའི་བར་དུ། ཀན་སུའུ་ཞིང་ཆེན་གྱིས་ཁམས་གསོ་ཞབས་ཞུའི་ལས་གཉེར་མི་སྣ་མི་ཐེངས་ཁྲི15ཡན་ལ་གསོ་སྦྱོང་བྱ་རྒྱུ་ཡིན་ཞིང་། དེའི་ཁྲོད་གཅིག་བསྡུས་རྒན་གསོ་བདག་སྐྱོང་པ་མི་ཐེངས་ཁྲི5ཡན་ལ་གསོ་སྦྱོང་བྱེད་པ་དང་། རྒྱལ་ཁབ་རིམ་པའི་ཁམས་གསོ་ནུས་རྩལ་མཐོ་བའི་མི་སྣ་གསོ་སྦྱོང་རྟེན་གཞི1དང་ཞིང་ཆེན་རིམ་པའི་ཁམས་གསོ་ནུས་རྩལ་མཐོ་བའི་མི་སྣ་གསོ་སྦྱོང་རྟེན་གཞི5བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ལྡན་པའི་ལས་རིགས་སློབ་གླིང་དང་། ཁེ་ལས། གསོ་སྦྱོང་རྟེན་གཞི་བསྡུ་ལེན་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁམས་གསོ་ལས་རིགས་ནུས་རྩལ་གསོ་སྦྱོང་ལྟེ་གནས་བཙུགས་པ་བརྒྱུད། སྔར་ལས་ལྷག་པར་ཞིང་ཆེན་ཡོངས་ཀྱི་ཁམས་གསོ་ཞབས་ཞུའི་མི་སྣས་ལས་རིགས་བྱང་ཚད་དང་ལག་རྩལ་ཇེ་མཐོར་གཏོང་རྒྱུ་རེད།

བརྡ་སྦྱོར་ལས་ཁམས་གསོ་ཞབས་ཞུའི་འཛུགས་པའི་ཁེ་ལས་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། ལས་སྐྲུན་དངུལ་བུན་འགན་ལེན་དང་། ཐེངས་གཅིག་རང་བཞིན་གྱི་ལས་སྐྲུན་ཁ་གསབ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་ལས་སྐྲུན་བྱེད་མཁན་ལ་ལས་སྐྲུན་འགན་སྲུང་དངུལ་བུན་གཏོང་དགོས། བདེ་ཐང་བདག་སྐྱོང་དང་རྒན་གསོ། ཁྱིམ་དོན་ཞབས་ཞུ། བུ་བཅོལ་ཞབས་ཞུའི་སོགས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོབ་བྱས་ཏེ། ཁམས་གསོ་ཞབས་ཞུའི་ཁེ་ལས་ཀྱི་གྲངས་ཀ་དང་གཞི་ཁྱོན་རྒྱ་བསྐྱེད་པ་དང་། ཁམས་གསོ་ཞབས་ཞུ་གཉེར་བའི་ཁེ་ལས་ལ་ཁྲལ་འཕྲི་ཡོན་གཅོག་དང་ལས་ཤོར་འགན་བཅོལ་གྱི་ལས་བརྟན་ཕྱིར་སློག་སོགས་གཟིགས་སྐྱོང་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས། ཁེ་ལས་ཀྱི་མ་རྩ་ཇེ་ཉུང་དུ་གཏོང་དགོས་པར་གསལ་བོར་བསྟན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།