ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡི་ཞིང་ལས་ཐོན་རྫས་རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་དུ་ཚོང་བྲིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལན་ཀྲོའུ་མཚོ་འགག་གིས་ཚེས7ཉིན་གནས་ཚུལ་བསྒྲགས་པ་ལྟར་ན། མཚོ་འགག་དེའི་ཁོངས་གཏོགས་ཕིང་ལིང་མཚོ་འགག་གིས་ཞིབ་བཤེར་བྱས་པའི་ཚན་ལོན་ཀུབ་འབྲུ་ཏུན4ཉེ་སྔོན་འཇོར་ཇི་ཡ་རུ་ཕྱིར་གཏོང་བྱས་པ་དང་། ཐེངས་དེའི་ཕྱིར་གཏོང་ལས་ཀན་སུའུ་ཡི་ཞིང་ལས་ཐོན་རྫས་རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་དུ་བྲིན་འཚོང་བྱུང་བ་མཚོན་ཡོད། 

      ཀན་སུའུ་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་སྟེ། རང་བྱུང་ཁོར་ཡུག་བཟང་བོའི་འོག ཀུ་ཤུ་དང་སྨན་རྩྭ། ཚོད་རིགས། ས་བོན་སོགས་སྤུས་བཟང་ཞིང་ལས་ཐོན་རྫས་ལ་རྒྱལ་ཁབ་ཕྱི་ནང་གི་དགས་བསུ་ཐོབ་བཞིན་ཡོད། 

      རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ལག་བསྟར་བྱས་པ་དང་བསྟུན། ཉེ་བའི་ལོ་འགའི་རིང་། ཀན་སུའུ་ཡི་ཞིང་ལས་ཐོན་རྫས་རྒྱུན་མཐུད་ངང་རྒྱུད་གཅིག་ལམ་གཅིག་གི་འགྲམ་རྒྱུད་དུ་བྲིན་འཚོང་བྱུང་། ད་ལོའི་ཟླ་སྔོན་མ2ཡི་རིང་། ཀན་སུའུ་ནས་རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་རྒྱལ་ཁབ་ཏུ་ཞིང་ལས་ཐོན་རྫས་ཏུན་ཁྲི1.7ཕྱིར་འཚོང་བྱས་པ་དང་། རིན་ཐང་ལ་སྒོར་དུང་ཕྱུར1.56ཟིན། 

图为兰州海关所属平凉海关工作人员对出口瓜子仁进行现场监管。 程文波 摄

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།