ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ཀན་སུའུ་ཞིང་ཆེན་གྱིས་མུ་མཐུད་དུ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་བསྡུས་པའི་འབྲེལ་ཡོད་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། མཁར་གྲོང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་གང་ལེགས་བྱ་ཆེད། ད་ལོར་ཀན་སུའུ་ཞིང་ཆེན་གྱིས་མུ་མཐུད་དུ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དང་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བདག་སྐྱོང་ཚད་གཞི་ཇེ་མཐོར་གཏོང་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་ཀན་སུའུ་ཞིང་ཆེན་གྱི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་གི་ཞིང་ཆེན་རིམ་པའི་མཛུབ་སྟོན་ཚད་གཞི8%ཇེ་མཐོར་བཏང་བ་དང་། སོ་སོར་མི་རེར་ལོ་རེར་སྒོར7476རེ་དང་སྒོར4536རེར་སླེབས་ཡོད། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ལོ་རེའི་ཁ་གསབ་ཆུ་ཚད་སྒོར6492རེ་བར་ཇེ་མཐོར་བཏང་ཡོད། ཞིང་སྡེའི་རིགས་དང་པོ་དང་རིགས་གཉིས་པའི་འགན་སྲུང་བྱ་ཡུལ་གྱི་ལོ་རེའི་ཁ་གསབ་ཆུ་ཚད་སོ་སོར་སྒོར4788རེ་དང4536རེ་ལ་སླེབས་ཡོད། རིགས་གསུམ་པ་དང་རིགས་བཞི་བའི་འགན་སྲུང་བྱ་ཡུལ་གྱི་ཁ་གསབ་ཆུ་ཚད་ལ་འགྱུར་ལྡོག་བྱུང་མེད། མཁར་གྲོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཚད་གཞི་སོ་སོ་ནས་མི་རེར་ལོ་རེར་སྒོར9732རེ་དང་སྒོར6216རེ་ལས་མི་དམན་པ་ཇེ་མཐོར་བཏང་ཡོད། མཁར་གྲོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་འཚོ་བར་རང་གི་བདག་སྐྱོང་བྱེད་ཐུབ་པ་དང་། འཚོ་བའི་བདག་སྐྱོང་ནུས་པ་སྐོར་ཞིག་ཤོར་བ། འཚོ་བའི་བདག་སྐྱོང་ནུས་པ་རྩ་བ་ནས་ཤོར་བ་སོགས་གནས་ཚུལ་ལྟར། བདག་སྐྱོང་ཚད་གཞི་སོ་སོར་ལོ་རེར་ལོ་རེར་སྒོར1680རེ་དང་སྒོར3360རེ། སྒོར4800རེ་བཅས་ཇེ་མཐོར་སོང་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།