ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་མུ་མཐུད་དུ་དམངས་འཚོ་ཇེ་ལེགས་སུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་ལ། གཙོས་གྲོང་ཁྱེར་གྱིས་ནམ་ཡང་མི་དམངས་བླ་ན་མཐོ་བའི་འདུ་ཤེས་བརྟན་སྲུང་བ་དང་། དམངས་འཚོ་སྔོན་དུ་སྤེལ་བ་རྒྱུན་འཁྱོངས། དམངས་འཚོའི་ཁྱབ་ཁོངས་སུ་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་། ཐོབ་སྣང་། བདེ་འཇགས་སྣང་བ་བཅས་སྔར་ལས་ཕུན་སུམ་ཚོགས་པ་དང་། སྔར་ལས་འགན་སྲུང་ཡོད་པ། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད།

གཙོས་གྲོང་ཁྱེར་གྱིས་ལས་ཞུགས་དེ་དམངས་འཚོ་གལ་ཆེན་དུ་བརྩིས་ནས། ཐབས་ལམ་མང་བོའི་སྤྱད་དེ། 2020ལོར་ལས་རིགས་སོ་སོའི་བྱ་བྱེད་མི་སྣ 228ཡོངས་ཁྱབ་ཏུ་གདན་ཞུ་བྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ 5494སྤོ་སྒྱུར་བྱས། དེའི་ནང་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ངལ་རྩོལ་ནུས་ཤུགས 2751ཡོད། ངལ་ལས་བྱ་དགའི་གསབ་དངུལ་དང་འགྲིམ་འགྲུལ་ཁ་གསབ་སྒོར་ཁྲི 349དོན་འཁྱོལ་བྱས། དབུལ་སྐྱོར་འཁོར་ཁང 7གསར་དུ་གཏན་འཁེལ་བྱས་ནས་མི 412ལས་ཞུགས་བྱེད་པར་སྣེ་ཁྲིད་བྱས། དབུལ་ཐར་མཁྲེགས་གཏོར་གྱི་ངལ་རྩོལ་ནུས་ཤུགས་གསོ་སྦྱོང་མི་ཐེངས 1044ལེགས་གྲུབ་བྱུང་བ་དང་། ལེགས་གྲུབ་བྱུང་ཚད 130.5% ཟིན། ཞིང་བ་ལས་མིའི་གླ་ཕོགས་ཆད་འགྱངས་ཀྱི་ཆེད་དོན་སྒྲིག་བཅོས་བྱ་འགུལ་སྤེལ་ནས་ཞིང་བ་ལས་མི 462ཀྱི་ངལ་རྩོལ་གླ་ཕོགས་སྒོར་ཁྲི 1324.86ཁྲིམས་ལྟར་བདའ་འདེད་བྱས་ཏེ་ཞིང་བ་ལས་མིའི་བདེ་རྩར་ཐུག་པའི་ཁེ་ཕན་འགན་ལེན་ནུས་ལྡན་བྱུང་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་གནོད་འགོག་ཕྱུགས་སྲུང་གི་གཟན་རྩྭ་ཏུན 2085སྤྲད། རིམ་རྩིས་བྱས་ན་སྨན་བཅོས་དང་སྨན་བཅོས་རོགས་སྐྱོབ་ཀྱི་མ་དངུལ་དང་། མ་མཐའི་འཚོ་བ་འགན་ལེན་ཀྱི་མ་དངུལ། གནས་སྐབས་རོགས་སྐྱོབ་མ་དངུལ་སོགས་སྒོར་ཁྲི 6284སྤྲད། ཉམས་ཞན་ཚོགས་སྤྱིར་སེམས་ཁུར་དང་དོ་ཁུར་བྱས་ནས་དབང་བོ་སྐྱོན་ཅན 1772ལ་ཁ་གསབ་མ་དངུལ་སྒོར་ཁྲི 199.2སྤྲད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་སྣོན་དང་ལས་ཤོར་དཀའ་ངལ་ཡོད་པའི་མི་སྣའི་ཡང་བསྐྱར་ལས་ཞུགས་སོགས་བྱ་བ་ཚང་མ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང།

ན་ནིང་ལོར། གཙོས་གྲོང་ཁྱེར་གྱིས་ཞིང་ཆེན་དང་ཁུལ་གྱི་དམངས་ལ་དོན་དངོས་ལས་གཞི 14སྒྲུབ་པ་དོན་འཁྱོལ་བྱས་པ་དང་། ལོ་ཧྲིལ་བོར་དམངས་འཚོའི་གཏོང་དངུལ་སྒོར་དུང་ཕྱུར 6.35བཏང་། མ་དངུལ་སྒོར་ཁྲི 5191བཏང་ནས་སློབ་གསོའི་ལས་གཞི 37ལག་བསྟར་བྱས་པ་དང་དགེ་རྒན 42གསར་དུ་བསྡུས། ཚོགས་ཁག་ཅན་གྱི་བུ་བཅོལ་ཁང་གཉེར་བ་དང་གཞི་གཅིག་ཅན་གྱི་སློབ་གཉེར་གྱི་གྲུབ་འབྲས་མངོན་གསལ་ཐོབ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་བཅོས་སྒྱུར་བརྟན་པོའི་ངང་སྐུལ་འདེད་བཏང་། “ཧྲི་ཀྲང་གི་བྱ་དགའ”བཙུགས་ནས་སློབ་གསོའི་སྤུས་ཚད་གཟེངས་བསྟོད་ལམ་སྲོལ་འཛུགས་པ་དང་འཐུས་ཚད་དུ་བཏང་བས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་རིམས་ནད་ཚོད་འཛིན་ལྟེ་གནས་སུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས། སྡེ་བའི་སྨན་པ་ཡོངས་རྫོགས་བཀོད་སྒྲིག་ཆ་ཚང་བྱས་ཞིང་། རིམ་བགོས་ནད་བརྟག་སྨན་བཅོས་དང་། “སྔོན་དུ་ནད་ལ་ལྟ་བ་དང་རྗེས་སུ་སྨན་ཡོན་སྤྲོད་པ”དང“གཅིག་འཐུས་རྣམ་པའི”དུས་ཐོག་ཏུ་རྩིས་རྒྱག་ཐུབ་པ་དོན་འཁྱོལ་བྱས། བུ་བཙའ་འགན་ལེན་གྱི་ཁེབས་ཚད 100%ཟིན་ཡོད། གྲོང་ཁྱེར་གྱི་སྤྱིའི་རིག་གནས་ཞབས་ཞུའི་ལྟེ་གནས་བསྐྲུན་པ་དང་རིན་མེད་དུ་སྒོ་ཕྱེ་ཡོད། གྲོང་ཁྱེར་དང་ཤང་དང་སྡེ་བ་བཅས་རིམ་པ་གསུམ་གྱི་སྤྱིའི་རིག་གནས་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། དུས་རབས་གསར་བའི་དྲ་ཐོག་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས་དྲ་དམངས་ཀྱི་ཆ་འཕྲིན 61སྒྲུབ་པ་དང་ལས་ཡུལ་དངོས་ནས་ཡིག་བསྐུར་ངོ་གཏུགས་ཀྱི་སྣེ་ལེན་ཞུ་བའི་གྱོད་གཞི 87ཐག་གཅོད་བྱས། གྲོང་ཁྱེར་ཡོངས་ཀྱི་མི་གྲངས་ཡོངས་བཤེར་ཐེངས་བདུན་པའི་བྱ་བ་བདེ་བླག་ངང་སྤེལ།

གཙོས་གྲོང་ཁྱེར་གྱིས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་འབད་འཐབ་དམིགས་འབེན་བྱས་ནས། མི་དམངས་ཀྱི་བདེ་སྐྱིད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཅན་འཆར་འགོད། འགན་དབང་གསལ་འབྱེད། འགན་སྲུང་འོས་འཚམ་དང་རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ཐུབ་པ་བྱུང་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།