ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གི་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་ཕྱིན་པ།།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོའི་བྱང་སྒོ་རུ་གནས་པའི་བསང་ཆུ་རྫོང་ཆུ་སྔོན་ཤང་གི་ཤིང་སྒོ་སྡེ་བར“ཀན་ལྷོའི་བོད་སྡེ་དང་བོའམ་མཚོ་བོད་ཀྱི་འགག་སྒོ་དང་བོའི”མཚན་སྙན་ཡོད། སྡེ་བ་དེ་ཤང་སྡེའི་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་སྐུལ་ཁྲིད་འོག  གཞན་ཡུལ་གནས་སྤོ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི“གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་ལས་གཞིའི་གོ་སྐབས་དང་བསྟུན་ཞིང་། “ཡུལ་སྐོར་ཤང་དར”གྱི་འདུ་ཤེས་ལ་བརྟེན་ནས། ཐོན་ཁུངས་སྔོག་འདོན་དང་སྐྱེ་ཁམས་ཡུལ་སྐོར་དབྱར་མཚོ་ལྟར་རྒྱས་པའི་ཡུལ་སྐོར་དཔེ་སྟོན་སྡེ་བར་གྱུར།

ཁངས་ཆེན་ཞིག་གི་རྗེས་སུ། བསང་ཆུ་རྫོང་ཤིང་སྒོ་སྡེ་བའི་བརྗེ་མ་ཐག་གི་སྐབས་དང་བོའི“ཨུ་གཉིས”ཚན་ཁག་གིས་དུས་ཐོག་ཏུ་གྲོས་ཚོགས་བསྡུས་ཏེ། སྡེ་བའི་ལོ་རྗེས་མའི་འཕེལ་རྒྱས་ཐད་ལ་ཞིབ་འཇུག་དང་ཇུས་འགོད་བྱས།

“སྐྱེ་ཁམས་བྱ་བ་ཡག་པོ་བསྒྲུབ་དགོས་ན། ཏང་ཡོན་གྱིས་སྣེ་ཁྲིད་དང་། མང་ཚོགས་ཀྱི་སེམས་མཐུན་དགོས”ཞེས་པ་ནི་ཆུ་སྔོན་ཤང་ཤིང་སྒོ་སྡེ་བས་ཞིང་སྡེའི་ཡུལ་སྐོར་གོང་འཕེལ་གྱི་དངོས་བྲིས་ཞིག་ཡིན།

“མིག་སྔར། ང་ཚོའི་ཤིང་སྒོ་སྡེ་བར་ཁྱད་ལྡན་ཐོན་ལས་འགའ་རེ་ཡོད་པ་སྟེ། དཔེར་ན། ཐུན་མོང་དཔལ་འབྱོར་སྒེར་འཁོར་ཡུལ་སྐོར་དང་ནས་ཆུང་བསྙལ་བ། གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དང་ཀུ་སྐྱུར་ལས་སྣོན་བཟོ་གྲྭ་སོགས་ཡོད། ང་ཚོས་ཐོན་ལས་དེ་དག་སྐྱེ་ཁམས་ཡུལ་སྐོར་གྱི་ཁོངས་སུ་བཅུག་ནས། ཐོན་ལས་ཞིབ་ཚགས་ཅན་དང་ཚོང་རྟགས་ཅན་དུ་བསྒྱུར་བར་འདོད”ཞེས་ཤིང་སྒོ་སྡེ་བའི་མ་འོངས་པའི་ཁྱད་ལྡན་ཐོན་ལས་གྱི་གོང་འཕེལ་གླེང་ཚེ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འབྲུག་རྒྱལ་མཁར་གྱི་དགའ་སྤྲོ་དང་སྤོབས་སེམས་ཀྱི་ངང་གིས་བཤད།

ད་ལྟ། ཤིང་སྒོ་སྡེ་བ་ནི་ཚ་གཡོལ་གུང་གསེང་དང་ནགས་ཚལ་ཡུལ་སྐོར།  བདེ་ཐང་ལུས་སྦྱོང་། སྤྲོ་གསེང་རོལ་རྩེད་བཅས་གཞི་གཅིག་ཏུ་འདུ་བའི་བོད་ཀྱི་རིག་གནས་ཀྱི་ཕྱོགས་བསྡུས་སྐྱེ་ཁམས་ཡུལ་སྐོར་གྱི་སྤྲོ་གསེང་ཁུལ་ཞིག་ཏུ་གྱུར་པས། རྒྱལ་ཁབ་ཀྱི 2Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་སྙན་ཞུ་ལེགས་གྲུབ་བྱུང་ཡོད། ད་ལོར། ཤིང་སྒོ་སྡེ་བས་ཡུལ་སྐོར་བ་མི་ཐེངས་ཁྲི 22སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཐད་ཀྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི 173མངོན་འགྱུར་བྱུང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།