ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུང་ཧོང་བོད་ཡིག་ཡིག་ཚགས་ཐེངས་དང་པོར་ལེགས་སྒྲིག་པར་སྐྲུན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126977450_16105055728041n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ15རིང་ལ་རྩོམ་སྒྲིག་བྱས་པ་བརྒྱུད། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དང་ཀྲུང་གོའི་ནུབ་བྱང་མི་རིགས་སློབ་ཆེན། ཧྲང་ཧེ་དཔེ་རྙིང་པར་སྐྲུན་ཁང་བཅས་ཀྱིས་མཉམ་དུ་རྩོམ་སྒྲིག་བྱས་པའི《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུང་ཧོང་བོད་ཡིག་ཡིག་ཚགས》ཞེས་པ་ཉེ་སྔོན་ཐོག་དང་པོར་ཡོངས་སུ་ལེགས་སྒྲིག་པར་སྐྲུན་བྱས།

1126977450_16105055728341n.jpg

《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུང་ཧོང་བོད་ཡིག་ཡིག་ཚགས》གི་རྩོམ་སྒྲིག་པ་གཙོ་བོའམ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཡིག་ཚགས་ལ་བསྡོམས་པས་དེབ35ཡོད་ཅིང་། ཡིག་ཚགས་གི་ཨང་གྲངས3174དང་པར་རིས་གསལ་བོ་ཁྲི2.8འཚོལ་བསྡུ་བྱས་ཡོད། དུས་རབས7པ་ནས་དུས་རབས10བའིི་བར་གྱི་བོད་ཡིག་གི་ཡིག་ཚགས་འདི་དག་ལ་ནང་བསྟན་གསུང་རབ་དང་། ལོ་རྒྱུས་གསུང་རྩོམ། གན་རྒྱའི་ཡིག་རིགས། བཅའ་ཁྲིམས་ཁྲིམས་སྲོལ། འཕྲིན་ཡིག་སོགས་ཀྱི་ནང་དོན་མང་པོ་འདུས། དེས་བོད་ཀྱིས་ཏུང་ཧོང་ལ་དབང་སྒྱུར་བྱེད་སྐབས་ཀྱི་སྤྱི་ཚོགས་དཔལ་འབྱོར་བྱ་འགུལ་དང་མི་རིགས་རིག་གནས་སྐོར་གྱི་ལོ་རྒྱུས་མཚོན་ཡོད་ཟེར། 

1126977450_16105055728791n.jpg

ཐེངས་འདིར་པར་སྐྲུན་བྱས་པའི་ཏུང་ཧོང་བོད་ཡིག་ཡིག་ཚགས་དེ་རྒྱ་བོད་སྐད་གཉིས་ཀྱིས་རྣམ་པས་ཡང་བསྐྱར་དཀར་ཆག་སྒྲིག་པ་ཡིན། ཚེ་རིང་གིས་བཤད་རྒྱུར། དུས་རབས20པའི་ལོ་རབས70བར། ཧྥ་རན་སིས་ཧྥ་རན་སི་རུ་ཉར་བའི་ཏུང་ཧོང་བོད་ཡིག་ཡིག་ཚགས་ཀྱི་གཅེས་བསྒྲིགས་དཔེ་དེབ་པར་སྐྲུན་བྱས་མྱོང་མོད། ཧྥ་རན་སི་རུ་ཉར་བའི་ཏུང་ཧོང་བོད་ཡིག་ཡིག་ཚགས་ཨང་གྲངས་ཀྱི་གོ་རིམ་ལྟར་ཡོངས་རྫོགས་ལེགས་སྒྲིག་པར་སྐྲུན་བྱས་པ་ནི་འཛམ་གླིང་ཁྱབ་ཁོངས་སུ་ཐེངས་དང་པོ་ཡིན་པས། དེས་ཏུང་ཧོང་རིག་པ་དང་བོད་རིག་པ་ཞིབ་འཇུག་བྱེད་པར་ཕན་ནུས་ངེས་ཅན་འདོན་ཐུབ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།