ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་ལུག་གྲོད་ཤ་མོ་ཀྲུང་ཡོབ་ཕན་ཚུན་ཁས་ལེན་སྲུང་སྐྱོབ་བྱ་བའི་ས་ཁམས་མཚོན་རྟགས་མིང་ཐོར་ཚུད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་དང་ཡོ་རོབ་ཀྱི་མགོ་ཁྲིད་པས《ཀྲུང་གོ་དང་ཡོ་རོབ་བར་གྱི་ས་ཁམས་མཚོན་རྟགས་ཀྱི་གྲོས་མཐུན》ལ་དངོས་སུ་མིང་རྟགས་བཀོད་པ་དང་། ཀན་ལྷོའི་ལུག་གྲོད་ཤ་མོ་ཀྲུང་གོ་དང་ཡོ་རོབ་བར་གྱི་ས་ཁམས་མཚོན་རྟགས་ཕན་ཚུན་ཁས་ལེན་དང་ཕན་ཚུན་སྲུབ་སྐྱོབ་ཀྱི་མིང་གཞུང་ནང་ཚུད་པ་དང་། གྲོས་ཆོད་ལ་ནུས་པ་ཐོན་རྗེས་ཀན་ལྷོའི་ལུག་གྲོད་ཤ་མོ་ཡོ་རོབ་ཁྲོམ་ར་ནས་སྲུང་སྐྱོང་ཐོབ་ཐུབ། 

u=2789328456,3438688609&fm=26&gp=0.jpg

ཀྲུང་ཡོབ་གཉིས་ཀྱིས་ཐེངས་འདིར་མིང་རྟགས་བཀོད་པའི་ས་ཁམས་མཚོན་རྟགས་ཀྱི་ཆོད་ཡིག་ནི་ཀྲུང་གོས་ཕྱི་ཕྱོགས་སུ་གྲོས་མོལ་མིང་རྟགས་བཀོད་པའི་ཁྱོན་ཡོངས་དང་ཆུ་ཚད་མཐོ་བའི་ས་ཁམས་མཚོན་རྟགས་ཀྱི་ཆོད་ཡིག་ཨང་དང་པོ་དེ་ཡིན། ཕྱོགས་གཉིས་པོས་གྲོས་ཆོད་ནང་བཅུག་པའི་ས་ཁམས་མཚོན་རྟགས་དེ་ཕར་ཚུར་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཐོབ་ཐུབ་པ་མ་ཟད། ད་དུང་ཕ་རོལ་པོའི་ས་ཁམས་མཚོན་རྟགས་གཞུང་ཕྱོགས་ཀྱི་མཚོན་རྟགས་ཀྱང་སྤྱོད་ཆོག་པས་ཀྲུང་གོའི་འབྲེལ་ཡོད་ཐོན་རྫས་ཡོ་རོབ་མནའ་འབྲེལ་གྱི་འཛད་སྤྱོད་པའི་ཁས་ལེན་ཐོབ་ཏེ་འབྲེལ་ཡོད་ཐོན་རྫས་ཡོ་རོབ་ཏུ་ཕྱིར་གཏོང་བྱ་རྒྱུར་སྔར་བས་སྐུལ་འདེད་ཀྱི་ནུས་བ་ཐོན་ཐུབ། དེ་དང་མཉམ་དུ། ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་རྫུས་མ་བཀག་འགོག་དང་རྫུན་བཟོ་འགོག་པར་བཅའ་ཁྲིམས་ཀྱི་འགན་ལེན་ཐོབ་ཐུབ། 

src=http___img.alicdn.com_imgextra_i3_2843392865_TB2bfIxqVXXXXaFXXXXXXXXXXXX_!!2843392865.jpg&refer=http___img.alicdn.jpg

ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་དངོས་སུ་ཡོ་རོབ་མནའ་འབྲེལ་དང་ཕན་ཚུན་ཁས་ལེན་བྱས་རྗེས། ཐོན་རྫས་ཡོ་རོབ་མནའ་འབྲེལ་གྱི་ཁྲོམ་རར་འདོན་སྤྲོད་བྱེེད་པར་དེ་བས་ནུས་ལྡན་དང་སྟབས་བདེ་ཡིན་པ་མ་ཟད། ཡོ་རོབ་མནའ་འབྲེལ་གྱི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་དང་འདྲ་བའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག ཀྲུང་གོ་དང་ཡོ་རོབ་བར་གྱི་ས་ཁམས་མཚོན་རྟགས་ཕན་ཚུན་ཁས་ལེན་དང་ཕན་ཚུན་འགན་ལེན་གྱི་མིང་གཞུང་དུ་ཚུད་པའི“ཀན་ལྷོའི་ལུག་གྲོད་ཤ་མོ”གོ་སྐབས་དེ་དང་བསྟུན་ནས་ཡོ་རོབ་ཀྱི་ཁྲོམ་ར་གཏོད་དེ། རྒྱལ་སྤྱིའི་ཁྲོམ་རའི་ཤུགས་རྐྱེན་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་ཀན་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཐུབ། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།