ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཡུལ་སྡེ་བའི་འཚོ་བ་གསར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020210106359747239120.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་སྡེ་བའི་གྲས་ཡིན་པའི་བོད་ཡུལ་སྡེ་བ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་མཁར་གྱི་ཤར་ལྷོའི་ཕྱོགས་སུ་གནས་ཤིང་། རྫོང་མཁར་དང་བར་ཐག་སྤྱི་ལེ5ཡོད་ལ་ཞིང་ཆེན་རིམ་པའི་གཞུང་ལམS306འགྲམ་རྒྱུད་དུ་ཡོད་ལ། དེ་ནི་རྫོང་མཁར་ནས་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དག་ཡིག་ཁོག་ལ་འགྲོ་བར་ངེས་པར་དུ་བརྒྱུད་དགོས་པའི་ལམ་དང་མཛེས་ལྗོངས་ཁུལ་གྱི་གནད་འགག་ཡིན་པས་ས་ཁམས་གནས་བབ་ལེགས་པ་དང་འགྲིམ་འགྲུལ་སྟབས་བདེ་བ་ཡིན།

རྫོང་ཏང་ཨུ་དང་སྲིད་གཞུང་གིས་བོད་ཡུལ་སྡེ་བའི་ཁྱད་འཕགས་ཀྱི་རང་བྱུང་ཆ་རྐྱེན་དང་གནས་ཡུལ་ལེགས་ཆ་ལ་བསམ་གཞིགས་བཏང་སྟེ། བོད་ཡུལ་སྡེ་བ་འདི་ཉིད་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་སྡེ་བའི་ནང་དུ་བཅུག མ་དངུལ་སྒོར་ཁྲི2700བཏང་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཤིང་། ས་གནས་མང་ཚོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་བོད་ཡུལ་སྡེ་བར་བོད་ཁྱིམ་སྤྲོ་སྐྱིད་གླིང་དང་། ཡུལ་སྐོར་ས་ཚིགས་སོགས་ཧུར་ཐག་གཏད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་། ལོ་འགའི་རིང་། བོད་ཡུལ་སྡེ་བའི་སྤྲོ་སྐྱིད་གླིང་དེ་སྔའི10ནས75བར་འཕར་སྣོན་བྱུང་ལ། བོད་ཁྱིམ་སྤྲོ་སྐྱིད་གླིང་གི་མཐུན་ཚོགས་བཙུགས་ནས་སྔོ་ཚལ་གྱི་རིན་གོང་དང་གཡོ་སྐོལ་ཁོར་ཡུག་གི་འཕྲོད་བསྟེན་བཅས་ལ་གཅིག་གྱུར་དོ་དམ་བྱས་པ་རེད།

W020210106359747410211.png

དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་སྤེལ་འགོ་བརྩམས་པ་ནས་བཟུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ས་ཁོངས་ཧྲིལ་བོར་གད་སྙིགས་མེད་པ”ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་བ་མ་ཟད། ད་དུང“སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ”འཛུགས་སྐྲུན་བྱས། ཐེངས་གང་མར་བརྩོན་ལེན་བྱས་པ་བརྒྱུད་བོད་ཡུལ་སྡེ་བ་འདི་ཉིད“འབྱོར་འབྲིང་སྡེ་བའི”འཛུགས་སྐྲུན་རྣམ་གྲངས་ནང་བཅུག

དེང་སྐབས། བོད་ཡུལ་སྡེ་བས་ལོ་མང་རིང་སྐྱེ་ཁམས་སྲུང་སྐྱོབ་བྱས་པ་བརྒྱུད་རི་སྔོ་ཆུ་དྭངས་ཀྱི་ཁོར་ཡུག་སླར་གསོ་བྱས་ལ། ཡུལ་སྐོར་བ་སྔར་ལས་མང་པོའི་དགའ་བསུ་ཐོབ་པས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་། ན་ནིང་ནས་བཟུང་། བོད་ཡུལ་སྡེ་བས་མེ་ཏོག་གི་རྒྱ་མཚོར་གཟིགས་སྐོར་དང་བཟའ་བཏུང་ཡུལ་སྐོར་གཅིག་འདུས་ཅན་གྱི་ཞིང་སྡེའི་འཚོ་བ་ཉམས་ལེན་གྱི་ཡུལ་སྐོར་སྐྲུན་བཞིན་ཡོད། སྡེ་བའི་ནང་དུ་གནས་གོང་ཆེ་བའི་ཨར་ཁང་སོགས་བཙུགས་ནས་བོད་ཡུལ་སྡེ་བའི་ཡུལ་སྐོར་ལས་རིགས་སྐས་རིམ་གསར་བར་སླེབས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།