ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་ཆུ་རྫོང་གིས་གྲོང་ཁྱེར་གྱི་ནུས་པ་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་གྱི་སྤུས་ཚད་ཇེ་མཐོར་བཏང་བ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གིས“སྐྱེ་ཁམས་ཆེན་པོ་ལྔ”གནད་དུ་བཟུང་ཞིང་། “ཁོར་ཡུག་ཆེན་པོ་བཅུ”སྐྲུན་པར་ཤུགས་བསྣན་ནས“སྐྱེ་ཁམས་མཛེས་སྡུག་དང་ཐོན་ལས་སྣ་མང་། ཤེས་དཔལ་སྒོ་འབྱེད་དང་སྤྱི་ཚོགས་འཆམ་མཐུན། མི་དམངས་བདེ་སྐྱིད་ལྡན་པ”བཅས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀླུ་ཆུ་གསར་བ་འཛུགས་སྐྲུན་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས། ཁོངས་ཡོངས་སུ་གད་སྙིགས་མེད་པའི་ལོ་གསུམ་གྱི་ཆེད་དོན་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་གཏིང་ཟབ་བཏང་། ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྐྱོང་དང་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ (སྒྱུར་བཀོད) བྱ་བ་གཏིང་ཟབ་མོར་སྤེལ་ནས་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་སྣང་བ་བཅས་ཤུགས་ཆེན་པོར་བཏང་ནས། ཕྱར་བ་གྲུ་འདེགས་ངང་དྭངས་གཙང་མཚར་སྡུག་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་མཐོ་སྒང་གི་གྲོང་ཁྱེར་ཆུང་ཆུང་ཞིག་བསྐྲུན། 

རི་དང་ཆུ། གྲོང་ཁྱེར་དང་རིག་གནས།ཐོན་ལས་དང་མི་བཅས་མཉམ་འདྲེས་དང་མཐུན་སྦྱོར་ངང་འཕེལ་རྒྱས་དང་བསྟུན་ནས། རྒྱང་ལྟའི་རང་བཞིན་ལ་བརྟེན་ནས་རྫོང་ཁོངས་ཀྱི་སྤྱིའི་འཆར་འགོད་དང“ལྔའི་བཅུ་བཞིའི”འཆར་འགོད་དང་འཕྲེད་མཐུད་བྱས་ནས་གྲོང་ཁྱེར་ལ་སྐྱེ་ཁམས་དང་ཐོན་ལས་འཁོར་རྒྱུག་འདང་ངེས་ཡོད་པ་དང་ལོ་རྒྱུས་ཀྱི་ཉམས་འགྱུར་སྲུང་འཛིན་ཐུབ་པ་བྱས། གྲོང་ཁྱེར་དུ་ཆུ་དང་སོལ་རླངས། དྲོད་རླངས་བཅས་མཁོ་འདོན་དང་ལུས་རྩལ། སློབ་གསོ། སྡེ་ལས། ཁོར་ཡུག་འཕྲོད་བསྟེན། འགྲིམ་འགྲུལ། གད་སྙིགས་གཙང་སེལ་སོགས་ཐད་ཀྱི་ཞན་ཆ་མགྱོགས་པོར་ཁ་གསབ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས། ཁྱད་ཆོས་ལྡན་པའི་རང་བྱུང་རྣམ་པའི་གཞི་རྒྱུ་དང་ལོ་རྒྱུས་རིག་གནས་ཀྱི་གཞི་རྒྱུ་དེ་གྲོང་ཁྱེར་འཛུགས་སྐྲུན་ནང་དུ་འདྲེས་པར་བྱས་ནས། གྲོང་ཁྱེར་གྱི་ནུས་པ་ཁག་འཐུས་ཚང་དུ་གཏོང་ཆེད་ཡུལ་དངོས་ཀྱི་དངོས་དོན་གཞིར་བཟུང་ནས་རྣམ་གྲངས 43གྱི་མཚམས་ཚིགས་བཟོས་ཡོད། མིག་སྔར་ཚིགས་ཚེག 13འཛུགས་སྐྲུན་ཚགས་པ་དང་གཞན་རྣམས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་འཛུགས་རྒྱུ་ཡིན། ཐོན་ཁུངས་མཉམ་སྤྱོད་བྱ་ཆེད་གྱང་ར་དང་ལྕགས་ར 10གོ་རིམ་ལྡན་པའི་ངང་བཤིག་ནས་སྒོ་ཡོངས་སུ་ཕྱེས་ཏེ་བཀོད་པ་གསར་བ་མངོན་འགྱུར་བྱུང་། རྫོང་ཡོངས་ཀྱི་ཁྲོམ་གཞུང་འགྲམ་གྱི་ཨར་སྐྲུན 75ཡི་ཕྱི་ངོས་ཀྱི་དཀར་རྩི་དང་སྒྱུར་བཀོད་བྱ་བ་ལེགས་གྲུབ་བྱུང་། གྲོང་ཁུལ་ལམ་འགྲམ་གྱི་སྐམ་སོང་བའི་ལྗང་འགྱུར་ལྗོན་ཤིང་གསབ་འདེབས་བྱས་ནས་རིམ་རྩིས་བྱས་ན་ལྗང་འགྱུར་ལྗོན་ཤིང3000ལྷག་ཡང་བསྐྱར་འདེབས་འཛུགས་བྱས། མི་གཙོ་བོར་འཛིན་པའི་དོ་དམ་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་རྐང་ཐང་ཁྲོམ་ལམ་དང་སྣ་མང་ཁྲོམ་ར། རླངས་འཁོར་ས་ཚུགས་རྙིང་བ་སོགས་ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས 4ལ་གནས་སྐབས་ཁྲོམ་གཞུང 83ལུགས་མཐུན་ངང་བཀོད་སྒྲིག་བྱས་པ་དང་། ཆེས་ཐོག་མར་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ“ཁྲོམ་འགྲེམ་དཔལ་འབྱོར”ལྷུག་ཏུ་བཏང་བ་དང་། འཆར་གཞི་ལྟར་མཉམ་སྤྱོད་རྐང་འཁོར་འཇོག་ས 8གསར་དུ་བསྣན་ནས་རྫོང་ཡོངས་སུ་མཉམ་སྤྱོད་རྐང་འཁོར 280ལྷག་མཁོ་འདོན་བྱས་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།