ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་སྨན་བཅོས་འགན་བཅོལ་གྱི་སྤྱི་བའི་ཞབས་ཞུ་ནུས་ཤུགས་ཇེ་མཐོར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2020-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆེར། ཀན་སུའུ་ཞིང་ཆེན་གྱིས《སྨན་བཅོས་འགན་སྲུང་ལམ་ལུགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་བསམ་འཆར》གཏན་འབེབས་བྱས་ཏེ། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཆ་འཕྲིན་ཅན་གྱི་ཚོད་ལྟའི་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། འགྲོ་ལུགས་སྒྲུབ་པའི་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྨན་བཅོས་འགན་བཅོལ་ལས་དོན་དོ་དམ་ལ་ཤུགས་སྣོན། སྨན་བཅོས་འགན་བཅོལ་སྤྱི་བའི་ཞབས་ཞུ་ཚད་གཞི་ཅན་དང་ཚན་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། སྨན་བཅོས་འགན་བཅོལ་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཕྱོགས་ལྔ་ནས་སྨན་བཅོས་འགན་སྲུང་གི་སྤྱི་བའི་དོ་དམ་ཞབས་ཞུ་ནུས་ཤུགས་ཇེ་མཐོར་གཏོང་རྒྱུ་ཡིན་པའི་བླང་བྱ་བཏོན།

《བསམ་འཆར》ནང2020ལོར་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་གི་ཆ་འཕྲིན་སྟེགས་བུ་གསར་སྤེལ་དང་བཀོད་སྒྲིག་ལེགས་འགྲུབ་བྱུང་ནས་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ཕྱོགས་ཡོངས་ནས་ཁྱབ་གདལ་བེད་སྤྱོད་གཏོང་རྒྱུ་དང་། 2021ལོར“ཚད་གཞི་ཚད་ལྡན་གཅིག་གྱུར་དང་། གྲངས་གཞི་ཞིང་ཆེན་རིམ་པས་གཅིག་སྡུད། སྟེགས་བུ་ཞིང་ཆེན་རིམ་པས་བཀོད་སྒྲིག དྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་པ”བཅས་ཀྱི་ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་སྟེགས་བུ་བསྐྲུན་ནས་རྒྱལ་ཁབ་ཀྱི་སྟེགས་བུ་དང་འབྲེལ་མཐུད་བྱ་རྒྱུ། 2022ལོར་ཕྱོགས་ཡོངས་ནས་ཆ་འཕྲིན་སྟེགས་བུ་ཁྱབ་གདལ་བེད་སྤྱོད་བཏང་སྟེ་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ཅན་གྱི“དྲ་བ་གཅིག”གི་ནང་བསྲེས་རྒྱུ་རེད། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོས་མཐུན་དོ་དམ་འཐུས་ཚང་དུ་གཏོང་བ་དང་། སྨན་དང་སྨན་བཅོས་ལས་ཁུངས་གནས་འཁེལ་གྱི་རེ་ཞུ་དང་། ཆེད་ལས་དཔྱད་དཔོག གྲོས་མོལ་བཅས་ཀྱི་གོ་རིམ་སྟབས་བདེ་བཟོ་རྒྱུ། གྲོས་མཐུན་དཔྱད་ཞིབ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་དང་དམིགས་འཛུགས་སྨན་བཅོས་ལས་ཁུངས་ཀྱིས་གྲོས་མཐུན་ལག་བསྟར་བྱེད་པའི་ཕྱོགས་གསུམ་པའི་དཔྱད་ཞིབ་ལམ་སྲོལ་དང་ཞབས་ཞུའི་རིམ་པའི་གདེང་འཇོག་མ་ལག་བཙུགས་ནས། དམིགས་བཙུགས་གསོ་རིག་ལས་ཁུངས་ཕྱིར་འཐེན་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྒྲུབ་གཉེར་ཞབས་ཞུའི་ཁྲོད་ཞུགས་ནས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྨན་བཅོས་འགན་བཅོལ་བཅོས་སྐྱོང་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ། ཚོང་ལས་འགན་བཅོལ་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས་དང་མཉམ་ལས་བྱེད་པར་ཚད་ལྡན་དུ་གཏོང་བ་དང་དེར་ཤུགས་སྣོན་བྱས་ཏེ། སྐུལ་ལྕག་དང་ཚོད་འཛིན་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།