ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཀན་ལྷོར་མཉམ་འབྲེལ་དབུལ་སྐྱོར་བྱེད་པའི”ཞལ་འདེབས་ཀྱི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲང་ཞའོ་ཆིང་དང་མངའ་འོག་གི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་མི14ཡིས་ཀན་ལྷོ་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭར་ཀན་ལྷོར་མཉམ་འབྲེལ་དབུལ་སྐྱོར་བྱེད་པའི་ཞལ་འདེབས་ཀྱི་བྱ་འགུལ་སྤེལ།

ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་། ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁུལ་སློབ་གསོ་ཅུས་ལ་རིན་ཐང་སྒོར་ཁྲི150ཡས་མས་ཀྱི་དངོས་རྫས (དཔེ་དེབ13000དང་། སློབ་སྦྱོང་ཡོ་བྱད2000། དགུན་ལྭ4000)ཞལ་འདེབས་ཕུལ་བ་དང་། ཁུལ་དགེ་སྒྲུབ་མཐུན་ཚོགས་ལ་མ་དངུལ་སྒོར་ཁྲི15དང་རིན་ཐང་སྒོར་ཁྲི50ཡི་དངོས་རྫས (བྱ་སྤུའི་གྱོན་ཆས1000དང་ཉལ་གོས600)ཞལ་འདེབས་ཕུལ།

ཁུལ་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ཀན་ལྷོ་ཁུལ་གྱིས་ཞལ་འདེབས་དང་ལེན་སློབ་གྲྭ་དང་རྒྱ་ཆེའི་དགེ་སློབ་ཀྱི་ཚབ་བྱས་ནས། རྒྱལ་སའི་ཐེབས་རྩ་ལྷན་ཚོགས་ཁག་གི་འགོ་ཁྲིད་དང་གཅེས་སེམས་མི་སྣར་བཀའ་དྲིན་ཞུས།

ཞལ་འདེབས་འབུལ་མཁན་ཕྱོགས་ཀྱི་འཐུས་མིས་བཤད་དོན། རྗེས་ཕྱོགས་སུ་སྔར་བཞིན་གངས་ལྗོངས་མཐོ་སྒང་གི་བྱིས་པ་ཚོར་དོན་དངོས་དང་དོན་བཟང་མང་བོ་སྒྲུབ་པའི་དུས་མཚུངས་སུ། དེ་རིང་གི་སྟེགས་བུ་འདི་བརྒྱུད་ནས། གངས་ལྗོངས་མཐོ་སྒང་གི་འཕེལ་རྒྱས་དང་འགྱུར་ལྡོག་དང་སློབ་མ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་དེ་བས་དོ་ཁུར་བྱས་ཏེ། ཚང་མས་མཉམ་དུ་སློབ་གྲྭའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་བར་འབད་རྒྱུ་ཟེར།

བྱ་འགུལ་ཁྲོད་བསྟན་དོན། དགེ་སྒྲུབ་བྱ་གཞག་ནི་བླ་ན་མེད་པའི་བྱ་གཞག་རླབས་ཆེན་ཞིག་ཡིན་པ་དང་། སྤྱི་ཚོགས་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། “ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ”ལག་ལེན་མཐར་ཕྱིན་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་ཡིན་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བའི་རྩ་བའི་བླང་བྱའང་ཡིན། ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་སའི་ཐེབས་རྩ་ལྷན་ཚོགས་ཁག་དང་མཐུན་སྦྱོར་བྱས་ནས་ཀན་ལྷོའི་དབུལ་ཐར་མཁྲེགས་གཏོར་བྱ་བ་རྒྱལ་ཁ་ཐོབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། རང་ཁུལ་གྱི་དཀའ་ཁག་ཅན་གྱི་སློབ་མའི་སློབ་གསོའི་སྤུས་ཚད་མཐོ་འདེགས་སུ་གཏོང་བ། དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཆེན་པོ་འབུལ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།