ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ཆུ་བོ་དང་མཚེའུ་སྡེ་ཁག་མང་བོས་མཉམ་འབྲེལ་སྒོས་ཁྲིམས་བསྟར་ཞིབ་བཤེར་བྱས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་ཁུལ་ཆུ་དོན་ཅུས་དང་། ཁུལ་སྤྱི་བདེ་ཅུས། ཁུལ་རང་བྱུང་ཐོན་ཁུངས་ཅུས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་བཅས་ཀྱིས་གྲུབ་པའི་བྱ་བྱེད་ཚན་ཆུང་གིས་ཅོ་ནེ་དང་། ལིན་ཐན། ཀླུ་ཆུ། ཐེ་བོ། འབྲུག་ཆུ་བཅས་རྫོང་ལྔའི་གཙང་བོ་དང་མཚེའུ་ཡི་ཁྲིམས་བསྟར་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས།

བྱ་བྱེད་ཚན་ཆུང་གིས་ཡུལ་དངོས་སུ་སྐོར་གཟིགས་ཞིབ་བཤེར་དང་། དཔྱད་གཞིའི་ཡིག་རིགས་ལྟ་ཀློག མང་ཚོགས་ལ་འདྲི་རྩད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཆུ་རྐའི་ནང་ནས་བྱེ་མ་འདོན་པ་དང་། ཆུ་རྐ་གང་བྱུང་དུ་བཟུང་སྤྱོད་བྱེད་པ། ཆུ་གློག་ས་ཚིགས་ནས་ཆུ་འབུད་གཏོང་བྱེད་པའི་སྐྱེ་ཁམས་བཞུར་ཚད་དང་བཙོག་འབུད་མདོ་ཁ་ནས་བཙོག་ཆུ་གཏོང་བ། གཙང་བོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་གནས་ཚུལ་ཁྲོད་གནས་པའི་གནད་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས།

ཞིབ་བཤེར་ཚན་ཆུང་གིས་བསྟན་དོན། གཙང་བོ་དང་མཚེའུ་ཡི་ཁྲིམས་འཛིན་བྱ་བ་སྤེལ་བ་ནི་གཙང་བོ་དང་མཚེའུ་ཡི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་སྔོན་འགོག་ནུས་ལྡན་དང་ཁྲིམས་ལྟར་བཅོས་སྒྲིག་བྱས་ཏེ་གཙང་བོ་དང་མཚེའུ་སྔོ་ཞིང་དྭངས་པར་འགན་ལེན་བྱེད་པ་དང་། ཤུགས་ཆེན་པོས་ཁྲིམས་འགལ་བ་ཟིལ་གྱིས་གནོན་པའི་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཁྲིམས་འཛིན་ནན་མོ་བྱས་པ་བརྒྱུད། གཞི་ནས་རི་ཆུ་ནགས་ཞིང་དང་། མཚེའུ་དང་རྩྭ་བཅས་ལུགས་མཐུན་ངང་སོར་ཆུད་སྐྱེ་འཕེལ་ཡོང་བར་འགན་ལེན་བྱས་ནས་ལྗང་མདོག་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་ཐུབ་པ་བྱ་དགོས།

ཞིབ་བཤེར་ཚན་ཆུང་གིས་གཙང་བོ་དང་མཚེའུ་ཡི་ཁྲིམས་འཛིན་བྱ་བའི་ལམ་སྲོལ་མུ་མཐུད་དུ་འཐུས་སྒོ་ཚང་དུ་གཏོང་དགོས། ཆུའི་སྲིད་འཛིན་ཁྲིམས་བསྟར་ལེགས་པོ་བྱེད་པའི་རྨང་གཞིའི་ཐོག ཆུའི་སྲིད་འཛིན་ཁྲིམས་བསྟར་དང་ཁྲིམས་འཛིན་སྦྲེལ་མཐུད་དང་སྡེ་ཁག་མང་བོས་མཉམ་འབྲེལ་སྒོས་ཁྲིམས་བསྟར་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཆུ་དོན་ཁྲིམས་བསྟར་སྡེ་ཁག་གིས་རང་འགུལ་ངང་འབྲེལ་ཡོད་སྡེ་ཁག་དང་ཤང་དང་གྲོང་རྡལ་ལ་འབྲེལ་གཏུག་ཧུར་ཐག་བྱ་དགོས། དུས་བཅད་དང་དུས་ངེས་མེད་དུ་གཙང་བོ་དང་མཚེའུ་ཡི་ཁྲིམས་འཛིན་བྱ་འགུལ་སྤེལ་ཏེ། ཁྲིམས་དང་སྒྲིག་སྲོལ་ལྟར་གཙང་བོ་དང་མཚེའུ་ཡི་ཁྲིམས་བསྟར་བྱ་བ་སྤེལ་དགོས། དུས་བཅད་ལྟར་གཙང་བོ་དང་མཚེའུ་ལ་མཉམ་དུ“གཙང་བཤེར་བཞིའི”ཕྱིར་མིག་ལྟ་བའི་བྱ་འགུལ་སྤེལ་བ་དང་། ཆུ་དཔོན་ལམ་ལུགས་ཀྱི་ཁོངས་གཏོགས་སྡེ་ཚན་ཁག་གི་ཁྲིམས་བསྟར་ལས་ཁུངས་ཀྱིས་མཐུན་སྦྱོར་ཧུར་ཐག་དང་གཞོགས་འདེགས་དམ་ཟབ་བྱས་ནས། གཙང་བོ་དང་མཚེའུའི་སྐྱེ་ཁམས་ལ་ཤུགས་རྐྱེན་བཟོ་བའི་ཁྲིམས་འགལ་བྱ་སྤྱོད་དུས་ཐོག་ཏུ་མེད་པར་བཟོ་རྒྱུ། ལག་ཁྱེར་མེད་པར་བྱེ་མ་འདོན་པ་དང་། བཙོག་ཆུ་འབུད་པ། ཆུ་རྐ་བཙན་བཟུང་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་གཙོ་གནད་དུ་རྡུང་རྡེག་བཏང་སྟེ། ཉེས་དོན་དང་འགལ་བའི་རིགས་ལ་དུས་ཐོག་ཏུ་སྤྱི་བདེ་མ་ལག་ལ་རྩིས་སྤྲོད་བྱས་ནས་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས་པ་བསྟན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།