ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་ཉི་ཤུ་བའི་མདོག་དགུའི་ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་དེ་མིན་བྱ་འགུལ་རབ་དང་རིམ་པའི་སྐུལ་སྤེལ་གྲོས་ཚོགས་ཚོགས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས18ཉིན་ལ། སྐབས་ཉི་ཤུ་བའི་མདོག་དགུའི་ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་དེ་མིན་བྱ་འགུལ་རབ་དང་རིམ་པའི་སྐུལ་སྤེལ་གྲོས་ཚོགས་གཙོས་སུ་ཚོགས།

ཀན་ལྷོ་ཁུལ་གྱི་འགོ་ཁྲིད་པ་བཀྲ་ཤིས་འཚོ་དང་ཧོ་མོའུ་པའོ། ཧྲི་ཀྲན་ལིའང་། ལིའུ་ཡུང་ཀོ། མ་ཡིའུ་ཞིན། ཝང་ཡ་ནན། ཀྲའོ་ཧུང་ཚའེ་སོགས་གྲོས་ཚོགས་སུ་ཞུགས། 

ཚོགས་ཞུགས་མི་སྣས་སྐབས་ཉི་ཤུ་བའི་མདོག་དགུའི་ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་དེ་མིན་བྱ་འགུལ་རབ་དང་རིམ་པའི་སྤྱིའི་ཇུས་གཞིར་གྲོས་བསྡུར་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གླེང་སྟེགས་བྱ་འགུལ་ཚན་ཆུང་དང་“དམངས་གཉེར་ཁེ་ལས་ཀན་ལྷོ་རུ་བསྐྱོད་པའི”བྱ་འགུལ་ཚན་ཆུང་། དྲིལ་བསྒྲགས་དང་གླེང་ཕྱོགས་ཁྲིད་སྟོན་ཚན་ཆུང་། སྨན་བཅོས་སྲོག་སྐྱོབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཚན་ཆུང་སོགས་བྱ་བྱེད་ཚན་ཆུང་སོ་སོར་འགན་འཁྲི་ཁག་བགོས་བྱས།

གྲོས་ཚོགས་ཀྱིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྐབས་ཉི་ཤུ་བའི་མདོག་དགུའི་ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་དེ་མིན་བྱ་འགུལ་རབ་དང་རིམ་པ་ལེགས་པོ་སྤེལ་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་མོར་རྒྱལ་ཁ་ལེན་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བཀོད་སྒྲིག་ཞིབ་ཚགས་བྱེད་པ། འགན་འཁྲི་ཞིབ་ཚགས་སུ་བཏང་ནས་བྱ་འགུལ་སོ་སོ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་འགན་ལེན་བྱེད་པ་དང་། དུས་ཆེན་གྱི་སྐབས་སུ་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། བྱ་བའི་ཇུས་གཞི་ཞིབ་ཕྲ་བཟོས་ནས་བྱ་བྱེད་ཚན་ཆུང་སོ་སོར ་འགན་འཁུར་བའི་བྱ་བའི་ཞིབ་ཕྲའི་ལས་འགན་ལ་བསམ་གཞིགས་ཞིབ་མོ་གཏོང་བ་དང་། བྱ་བའི་བཀོད་སྒྲིག་གནད་ལ་ཁེལ་བ། སྐུལ་འདེད་འཆར་གཞི་ཞིབ་ཚགས་སུ་གཏོང་བ་བཅས་འགན་ལེན་བྱ་དགོས། བྱ་བྱེད་ཚན་ཆུང་སོ་སོས་ཐོག་མཐའ་བར་གསུམ་དུ་གྲོན་ཆུང་དོན་གཉེར་དང་གྲོན་ཆུང་གིས་གྲོས་ཚོགས་ཚོགས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཀྲུང་དབྱང་གི“གཏན་འབེབས་བརྒྱད”དང་དེའི་ལག་བསྟར་ཞིབ་སྲོལ་ལག་ལེན་ནན་མོ་བྱ་དགོས། བརྙན་འཕྲིན་དང་ཚགས་པར། རྒྱང་སྒྲོག དྲ་རྒྱ་སོགས་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དྲིལ་བསྒྲགས་ལ་ཤུགས་སྣོན་པ་དང་། རྒྱ་ཁྱབ་ངང་སྐུལ་སློང་བྱེད་པ་བཅས་བྱས་ནས་བྱ་འགུལ་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།