ཀྲུང་གོ་བོད་ཀྱི་དྲ་བ།

ལིན་ཐན་རྫོང་གིས་མུ་མཐུད་དུ་དཀའ་ངལ་ཁྱད་གསོད་ཀྱིས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ལིན་ཐན་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་འབུར་ཐོན་གྱི་གནད་དོན་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཙོ་གནད་དུ་བཟུང་ནས། དབུལ་ཞྭ་ཕུད་པའི་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་ཏེ། ཕྱོགས་ཡོངས་ནས་གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་དང་སྤུས་ཚད་མཐོ་བའི་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བས་རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་ཁྱབ་ཁོངས་སོ་སོའི་བྱ་བའི་སྤུས་ཚད་རིམ་སྤར་བྱས།

བྱིས་པ་སྐྱོང་མཁན་ཡོད་པ། འོས་འགན་སློབ་གསོའི་སློབ་ཞུགས་མཉམ་འཛིན་མཉམ་སྲུང་རྐྱེན་སྲོལ་དང་སྲིད་འཛིན་ལྟ་སྐུལ་སློབ་སྟོན་དང་སློབ་གྲྭར་བསྐྱར་ཞུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་དང་། སྡེ་ཚན་མཉམ་འབྲེལ་བྱེད་པར་ཤུགས་བསྣན་ནས་སློབ་མ་སློབ་གྲྭར་ཞུགས་པར་གཞི་འཛིན་ས་ཡོད་པ་དང་། འགྲོ་ཕྱོགས་གསལ་བོ་བཅས་བྱུང་ཡོད། དབང་བོ་སྐྱོན་ཅན་གྱི་སློབ་ལོ་ལོན་པའི་བྱིས་པར་དམིགས་ནས“སྒོ་རྩར་སློབ་ཁྲིད་བྱེད་པ”མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས་དབང་བོ་སྐྱོན་ཅན་བྱིས་པའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་ཇེ་མཐོར་བཏང་། མིག་སྔའི་བར་དུ་རྫོང་ཡོངས་སུ་སློབ་མ 459ཁ་བརྡ་བྱས་ཏེ་ཕྱིར་སློབ་གྲྭར་ཞུགས་པ་དང་། སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གིས་སློབ་མཚམས་འཇོག་པ་གཙང་སེལ་བྱས། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ཚང་མས་འོས་འགན་སློབ་གསོ་དང་ལེན་བྱས་པ་དང་། དབུལ་ཕོངས་ཀྱི་དབང་གིས་སློབ་ཤོར་དང་སློབ་མཚམས་བཞག་མཁན་གཅིག་ཀྱང་མེད།

ན་དུས་སྨན་བཅོས་ཐུབ་པ། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོར་གན་རྒྱ་འཇོག་ཚད་ཁྱོན་ཡོངས་ལ་ཁྱབ་ནས་མུ་མཐུད་དུ་མིང་རྟགས་འགོད་ཚད100%ལ་བསླེབས། ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས་ཞིང་སྡེའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་དང་སྨན་བཅོས་རྐང་འཛིན་པའི་གསོ་སྦྱོང་ཁྱོན་ཡོངས་ནས་སྤེལ་བ་དང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ16གི་འཕྲོད་བསྟེན་ཁང18དང་། སྲིད་འཛིན་སྡེ་བའི་འཕྲོད་བསྟེན་ཁང141ཚང་མ་ཚད་གཞི་ལོངས་ཤིང་། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་ཤང་གི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཁྱོན་མི་ཁྲི13.98ཞུགས་པ་དང་འགན་བཅོལ་ནང་ཞུགས་ཚད99%ལ་བསླེབས། རྫོང་དང་ཤང་རིམ་པའི་གནས་གཏན་ཁེལ་གྱི་སྨན་བཅོས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས“གཅིག་འཐུས་རྣམ་པས”དུས་ཐོག་ཏུ་རྩིས་ཞུ་ཐུབ་པ་མངོན་འགྱུར་བྱུང་། ཡིག་ཚགས་དང་བྱང་བུ་བཟོས་པའི་མི་གྲངས་དབུལ་བོའི་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་བྱས་རྗེས་ཆ་སྙོམས་རྩིས་ཞུ་བྱས་པའི་བསྡུར་ཚད87.79%ལ་བསླེབས།

སྡོད་སའི་ཁང་བ་ཡོད་པ། 2009ལོ་ནས་ད་བར་དུ་རྫོང་ཡོངས་སུ་རིམ་རྩིས་བྱས་པའི་ཞིང་སྡེའི་ཉེན་ཡོད་སྡོད་ཁང18345སྒྱུར་བཀོད་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར8.2བཏང་། དེའི་ཁྲོད་དུ་རིམ་པ་སོ་སོའི་སྲིད་གཞུང་གི་གསབ་དངུལ་སྒོར་དུང་ཕྱུར2.2དམིགས་སར་འབྱོར། 2018ལོར་ཞིང་ཆེན་རིམ་པས་འོག་རིམ་ལ་ཞིང་སྡེའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་འཆར་གཞི་ཁྱིམ་ཚང1149སྤྲད་པ་དང་། རྫོང་རིམ་པའི་རང་གྲབས་མ་དངུལ་གྱིས་ཞིང་སྡེའི་ཉེན་ཡོད་སྡོད་ཁང259སྒྱུར་བཀོད་བྱས་ལ་ཁྱོན་ཁྱིམ་ཚང1408ཡོད་པ་དང་བསྒྱུར་བཀོད་ཀྱི་ལས་འགན་ཡོངས་སུ་གྲུབ། རྫོང་རིམ་པའི་རང་གྲབས་མ་དངུལ་གྱིས 2019ལོར་གནོད་འཚེ་ཕོག་པའི་ཁྱིམ་ཚང470ཡི་ཉེན་ཡོད་ཁང་བ་ཚང་མ་སྒྱུར་བཀོད་བྱས།

འཐུང་ཆུ་བདེ་འཇགས་ཁྱབ་གདལ་བཏང་། གྲོང་གསེབ་ཀྱི་འཐུང་ཆུའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས2019ལོའི་རོང་འབྲོག་སྡེ་བའི་གནས137གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་རིམ་སྤར་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་སྟེ། ཁྱིམ་ཚང675ཡི་མི་ཁྲི3.4ཡི་ཆུ་མཁོ་འདོན་འགན་ལེན་གྱི་ཆུ་ཚད་རིམ་སྤར་བྱ་ནས། རྫོང་ཡོངས་ཀྱི་འཐུང་ཆུའི་བདེ་འཇགས་ཁྱབ་གདལ་གཏོང་ཚད 100%ལ་བསླེབས། རང་འབབ་ཆུ་ཁྱབ་ཚད98%ལ་བསླེབས་པ་དང་རོང་འབྲོག་སྡེ་བའི་འཐུང་ཆུའི་བདེ་འཇགས་དང་ཆུའི་སྤུས་ཚད་ཞིབ་དཔྱད་ཚད་གཞིའཚོ་བའི་འཐུང་ཆུའི་འཕྲོད་བསྟེན་ཚད་གཞིདང་མཐུན།

ཐོན་ལས་དབུལ་སྐྱོར་ལ་ཕན་འབྲས་མངོན་གསལ་ཐོན་པ།ཀུང་སི+མཉམ་ལས་ཁང+ཁྱིམ་ཚང་དབུལ་བོའི”མངགས་ཐོ་འདེབས་འཛུགས་བྱེད་སྟངས་སྤྱད་དེ་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་གིས་ཁྱད་ལྡན་འདེབས་འཛུགས་མུའུ་ཁྲི5.5འཕེལ་རྒྱས་བཏང་བ་དང་། ཁེ་ལས་དང་མཉམ་ལས་ཁང42ཀྱིས་ཁྱད་ལྡན་ཐོན་ལས་ཀྱི་དངུལ་བུན་སྒོར་ཁྲི8245དོན་འཁྱོལ་བྱས། ནུས་པ་དང་ཆ་རྐྱེན་འཛོམས་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང599དང་དབུལ་ཐར་ལྟ་ཞིབ་ཚད་ལེན་གྱི་ཁྱིམ་ཚང272 ། དབུལ་ཐར་ཐུབ་མེད་པའི་ཁྱིམ་ཚང145བཅས་ལ་རོགས་སྐྱོར་བྱས་ནས“ཆུང་གྲས་ལྔའི”ཐོན་ལས་འཕེལ་རྒྱས་བཏང་། ཁྱིམ་ཚང་དབུལ་བོ747ལ་ཕག་གསོའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱས་པས་མང་ཚོགས་དབུལ་བོར་འབབ་འཕར་བརྟན་པོ་ཡོང་བའི་ཐབས་ལམ་རྒྱ་བསྐྱེད།

ལས་ཞུགས་དབུལ་སྐྱོར་གྱིས་ཡོང་འབབ་འཕར་བར་རོགས་འདེགས་བྱས་པ། བྱ་དགའ་དང་ཁ་གསབ་སྲིད་ཇུས་བཏོན་ནས་རྫོང་ནང་ཁུལ་གྱི་ཁེ་ལས་དང་དབུལ་སྐྱོར་འཁོར་ཁང་། མཉམ་ལས་ཁང་སོགས་ཀྱིས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཆེས་ཐག་ཉེ་ས་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་མ་བཏང་བ་དང་། “གནས་དང་གནས”བར་གྱི་ངལ་ལས་བརྒྱུད་སྐྱེལ་གྱི་རིན་མེད་ཐད་གཏོང་རླངས་འཁོར་ཤར་གཏོང་བྱས་ནས་ཞིང་ཆེན་ཕྱི་ནང་དུ་ལས་ཀ་བསྐྱར་དུ་བྱེད་མཁན་ཁག2ཀྱི་མི190བརྒྱུད་སྐྱེལ་བྱས། དབུལ་སྐྱོར་འཁོར་ཁང9ཡི་ལས་ཞུགས་ལས་མི284ཡོད་པའི་ཁྲོད་དུ་ཡིག་ཚགས་དང་བྱང་བུ་བཟོས་པའི་མི168ཡོད། མིག་སྔའི་བར་དུ་རྫོང་ཡོངས་སུ་ངལ་ལས་བརྒྱུད་སྐྱེལ་བྱས་པའི་མི་ཁྲི2.55ཡོད་པ་དང་། དེའི་ཁྲོད་ཞིང་ཆེན་ཕྱིའི་མི9850དང་ཞིང་ཆེན་ནང་ཁུལ་གྱི་རྫོང་ཕྱིའི་མི12295ཡོད་ལ། རྫོང་ཁོངས་ཀྱི་མི3355ཡོད། ཧུར་ཐག་གིས་སྡེ་བའི་གཞུང་ལམ་བདག་སྐྱོང་བ་དང་གད་དར་བ། ཆུ་དོ་དམ་མཁན་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྱོན་བསྡོམས5028གསར་འདོན་བྱས་ཡོད་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར5000ཡན་འཕར། 

མཐའ་སྐྱོང་འགན་ལེན་གྱི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་པ། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་མ་མཐའི་འཚོ་བ་འགན་ལེན་གྱི་ཆེད་དོན་བཅོས་སྐྱོང་དང་གཙང་བཤེར་ཚད་ལྡན་བཟོ་བ་སོགས་ཀྱི་བྱ་བ་ནན་ཏན་གྱིས་སྤེལ་བ་དང་། མཐའ་སྐྱོང་འགན་ལེན་གྱི་མཐའ་མའི་གདོང་མཆོང་དང་གྲལ་བཤེར་གྱི་བྱ་བ་དང་ཟུང་འབྲེལ་གྱིས་ཞིང་སྡེའི་མ་མཐའི་འཚོ་བ་འགན་ལེན་གཙང་བཤེར་དང་ཚད་ལྡན་བཟོ་བའི“ཕྱིར་མིག་ལྟ་བའི”བྱ་འགུལ་སྤེལ་ཏེ། ཆ་རྐྱེན་དང་འཚམ་པའི་དཀའ་ཁག་ཡོད་པའི་མང་ཚོགས་ཚང་མ་དེ་མཚུངས་ཀྱི་འགན་ལེན་ཁྱབ་ཁོངས་ནང་བཅུག རྫོང་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་མི་འབོར་དབུལ་བོའི་ཁྲོད་མ་མཐའི་འཚོ་བའི་འགན་ལེན་ཁྱབ་ཁོངས་ནང་བཅུག་པའི་ཁྱིམ་ཚང1935ཡི་མི་གྲངས5671ཡོད་པ་དང་། རྫོང་ཡོངས་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི69.4%ཟིན་ཡོད་པ་དང་འགན་ལེན་བྱེད་དགོས་རིགས་འགན་ལེན་བྱེད་གང་ཐུབ་བྱས་ནས། ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་བ་དྲང་སྙོམས་དྲང་གཞག་དང་ཡོངས་བསྒྲགས་གསལ་ཆ་ལྡན་པས། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ནས་ཞིང་ཆེན་དམངས་སྲིད་ཐིང་གི་བརྡ་ཁྱབ་ཀྱི་གཟེངས་བསྟོད་ཐོབ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།