ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ས་ཁམས་མཚོན་རྟགས་ཐོན་རྫས4ལ་ས་གནས་ཀྱི་ཚད་གཞི་ཆེད་མཁས་བའི་དཔྱད་ཞིབ་ཚད་ལེན་ཐོབ་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་ཀན་ལྷོ་ཁུལ་གྱི་འབྲིའི་འོ་ཕྱེ་དང་ཐེ་བོའི་ཕོ་སིལ་ཤ་མོང་། ཐེ་བོའི་ཕག་ཤ གན་གྱའི་ལུག་ཤ་བཅས་ས་ཁམས་མཚོན་རྟགས་ཐོན་རྫས4ལ་ས་གནས་ཀྱི་ཚད་གཞི་དེ་ཀན་སུའུ་ཞིང་ཆེན་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་ཚད་ལྡན་ཅན་གྱི་ལག་རྩལ་ཨུའི་ཞིབ་དཔྱད་བྱས་པ་བརྒྱུད་གྲོས་འཆམ་བྱུང་།

ཉེ་བའི་ལོ་ཤས་རིང་། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ས་མཐོའི་ཁྱད་ལྡན་ཐོན་ལས་ལ་དམིགས་ནས་རང་ཁུལ་གྱི་སྤུས་རྟགས་གཏོད་པའི་བྱ་བར་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། ཀན་ལྷོའི་ཐུན་མོང་མ་ཡིན་པའི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྒྱུ་རྐྱེན་ལྡན་པའི་ཀན་ལྷོའི་འབྲིའི་འོ་ཕྱེ་དང་ཐེ་བོའི་ཕོ་སིལ་ཤ་མོང་། ཐེ་བོའི་ཕག་ཤ གན་གྱའི་ལུག་ཤ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཀྱི་ཆོག་མཆན་ཐོབ།

ཐེངས་འདིར་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཀྱིས་ས་གནས་ཀྱི་ཚད་གཞིར་ཞིབ་བཤེར་གཏན་འབེབས་བྱས་ནས་གྲོས་འཆམ་བྱུང་། དེས་ཀན་ལྷོའི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས4ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཆེད་སྤྱོད་མཚོན་རྟགས་བེད་སྤྱོད་ཐད་འགག་རྩའི་གོམ་སྟབས་ཤིག་སྤོས་པ་མཚོན་ཡོད། ཆོག་མཆན་ཐོབ་པའི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས། ཐོན་རྫས་ཀྱི་རིགས་དབྱེ་དང་། ཁྱབ་ཁོངས། ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་སོགས་ཐད་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་དེ་དང་འཚམ་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ས་གནས་ཀྱི་ཚད་གཞིའམ་ཡང་ན་དོ་དམ་ཚད་ལྡན་དུ་བཏང་།  ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།