ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་མོ་ལེགས་པར་བརྒྱབ་ཅིང་རྒྱལ་ཁ་བླངས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགར། ཀན་ལྷོ་ཁུལ་གྱིས་རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམ་པོར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་མོ་ལེགས་པར་བརྒྱབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྱོང་དང་ཟུང་འབྲེལ་བྱས་ནས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་བླངས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིང་།

གྲོང་ཁྱེར་དང་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཕྱོགས་ཡོངས་ནས་སྤེལ་ཏེ། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་མོར་མཐའ་གཅིག་ཏུ་རྒྱལ་ཁ་བླངས་པ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས“ཁོར་ཡུག་གསར་བརྗེ”དང“ཞིང་སྡེ་དར་རྒྱས”ཀྱི་ལས་ལ་གཞོལ་ནས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་སྐྱེ་ཁམས་ཕན་འབྲས་མངོན་གསལ་དོད་པ། འཚོ་སྡོད་ཁོར་ཡུག་མཛེས་སྡུག་ལྡན་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་བསྐྲུན་ནས། “བཙོག་ཟིང་ཞན་གསུམ”གྱི་གནད་དོན་རྦད་དེ་ཐག་བཅད་པ་དང“སྒྱིད་ལུག་རྣམ་གཡེང”གི་སྣང་ཚུལ་བསྒྱུར་ཞིང་། “བདེན་ལེགས་མཛེས་གསུམ”དར་སྤེལ་བཏང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར126བཏང་ནས་གསར་བརྗེའི་ཡུལ་སྐོར་གྱི་རྣམ་པ་དང་སྐྱེ་ཁམས་ཉམས་ལེན་གྱི་རྣམ་པ། ཁྱད་ལྡན་ཐོན་ལས་ཀྱི་རྣམ་པ། སོས་དལ་བག་ཕེབས་ཀྱི་སྤྲོ་གསེང་རྣམ་པ། དམངས་སྲོལ་རིག་གནས་ཀྱི་རྣམ་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ1303བསྐྲུན། མ་དངུལ་སྒོར་དུང་ཕྱུར2.9གྲབས་གསོག་བྱས་ནས་གྲོང་ཁྱེར་དང་ཞིང་སྡེའི་ཁོར་ཡུག་གཙང་སྦྲའི་སྒྲིག་ཆས་ཉོ་སྒྲུབ་དང་གཙང་སྦྲའི་འགྲོ་གྲོན། སྒྲིག་བཀོད་སྒྲིག་ཆས་ཀྱི་རྒྱུན་གཏན་སྲུང་སྐྱོང་སོགས་ཀྱི་ཐད་དུ་སྤྱད་ཅིང་། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི870ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ནང་ཞུགས་པར་རྩ་འཛུགས་དང་སྐུལ་སློང་བྱས་ཏེ། གད་སྙིགས་སྣ་སོ་སོ་ཏུན་ཁྲི85གཙང་སེལ་བྱས་པ་དང་། ཁུལ་ཡོངས་ཀྱི་རྫོང་མཁར་དུ་གད་སྙིགས་སྦས་ས9དང་། ཤང་དང་གྲོང་རྡལ་དུ་གད་སྙིགས་སྦས་ས 18གད་སྙིགས་དྲོད་ཚད་དམའ་བའི་ཚ་སེལ་ས་ཚིགས1བཅས་བསྐྲུན་པས། གད་སྙིགས་སྣ་སོ་སོར་ཐག་གཅོད་ནུས་ལྡན་ཐོབ།

སྦགས་བཙོག་འགོག་བཅོས་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་ནས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་མོར་རྒྱལ་ཁ་ལེན་པའི་མགོ་ཁུངས་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་མུ་མཐུད་ཤུགས་བསྣན་པ། ཉེ་བའི་ལོ་གསུམ་རིང་ལ། རང་ཁུལ་གྱིས་ཧུར་ཐག་གིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ཆེད་དོན་མ་དངུལ་སྒོར་དུང་ཕྱུར3.35དང་། ཞིང་ཆེན་རིམ་པའི་ཆེད་དོན་མ་དངུལ་སྒོར་ཁྲི7246བརྩོན་ལེན་བྱས་ཏེ། རླུང་ཁམས་ཆེན་མོ་དང་ཆུའི་སྦགས་བཙོག་འགོག་བཅོས་ཐད་སྤྱད་པས། ས་རྒྱུའི་སྦགས་བཙོག་བཅོས་སྒྲིག་དང་ཉམས་གསོ། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བཅས་བསྟུད་མར་ལོ་རེ་བཞིན་ཞིང་ཆེན་གྱིས་མར་སྤྲད་པའི་སྦགས་བཙོག་དངོས་པོ་གཙོ་བོ་བཞིའི་བཙོག་འབུད་ཉུང་གཏོང་གི་ལས་འགན་ལེགས་གྲུབ་བྱུང་།

ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་གནད་དོན་དག་ཐེར་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། སྐོར་ཐེངས་དང་པོའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་རང་ཁུལ་ལ་བསྒྲུབ་རྒྱུར་བསྐོར་བའི་མང་ཚོགས་ཀྱི་ཁོར་ཡུག་ཡིག་བསྐུར་ངོ་གཏུག་གི་ཞུ་གཏུག་གནད་དོན་སྣ25བསྒྲུབས་པ་དང་། ཕྱིར་ལྡོག་གནད་དོན་དེ་རང་ཁུལ་དང་འབྲེལ་བ་ཡོད་པའི་གནད་དོན་སྣ19དག་ཐེར་ལེགས་གྲུབ་བྱུང་ཞིང་། སྣ4དག་ཐེར་ཡོ་བསྲང་གི་ལས་རིམ་ལ་བསླེབས། སྐོར་ཐེངས་གཉིས་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་རང་ཁུལ་ལ་བསྒྲུབ་རྒྱུར་བསྐོར་བའི་ཡིག་བསྐུར་ངོ་གཏུག་གི་གྱོད་གཞི31ལས26བསྒྲུབས་ཚར་ཞིང་། དུས་རིམ་རང་བཞིན་གྱི་གྱོད་གཞི5བསྒྲུབས་ཚར། མིག་སྔར་ཐུག་བར། སྐྱེ་ཁམས་ཁོར་ཡུག་པུའུ་ནུབ་བྱང་ལྟ་ཞིབ་ཅུས་དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་བ་གཞི་རིམ་དུ་བསྐྱོད་པ་དང་། དེ་བཞིན་བརྡ་ཁྱབ་བཏང་བའི་གནད་དོན31ཁྲོད་ཀྱི་གནད་དོན26དག་ཐེར་སྒྲིག་བཅོས་བྱས་ནས་ལེགས་གྲུབ་བྱུང་བ་དང་། གནད་དོན5མགྱོགས་མྱུར་གྱིས་སྒྲིག་བཅོས་བྱེད་བཞིན་ཡོད་ལ། རིམ་རྩིས་བྱས་ན་དག་ཐེར་སྒྲིག་བཅོས་མ་དངུལ་སྒོར་དུང་ཕྱུར2.75བཏང་།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།