ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་རྟ་ཐོག་ཁྲིམས་ལུགས་ཁྱབ་གདལ་རུ་ཁག་འདུམ་འགྲིག་གི་ལས་ལ་བྲེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

08e8ff14-3b87-4243-9fa5-b5f534950431.jpg

རྟ་ཐོག་གི་ཁྲིམས་ལུགས་ཁྱབ་གདལ་རུ་ཁག

res01_attpic_brief.jpg

འདུམ་འགྲིག་ལས་ལ་ཞུགས་པ།

res04_attpic_brief.jpg

རྟ་ཐོག་གི་ཁྲིམས་ལུགས་ཁྱབ་གདལ་རུ་ཁག

W020200619427362660880.jpg

རྟ་ཐོག་གི་ཁྲིམས་ལུགས་ཁྱབ་གདལ་རུ་ཁག་རྩྭ་ཐང་བརྒལ་བཞིན་པ།

W020200619502915469708.jpg

འདུམ་འགྲིག་ལས་ལ་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དབྱར་གཞུང་གི་དུས་སུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་ཤང་གྲོང་སོ་སོའི་རྟ་ཐོག་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་རུ་ཁག་གི་ཁོངས་མི་རྣམས་ཀྱིས་བྲེལ་འཚུབ་ངང་རྩྭ་ཐང་དུ་བསྐྱོད་བཞིན་ཡོད་ཅིང་། ངོ་སྤྲོད་བྱས་པར་གཞིགས་ན། བོད་ཁུལ་གྱི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་ལ་ཞིང་འབྲོག་མང་ཚོགས་ཁ་ཐོར་དུ་བསྡད་ཡོད་པས་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ལས་དཀའ་མོ་ཞིག་ཏུ་གྱུར་ཡོད། གནས་ཚུལ་དེར་དམིགས་ནས་ས་གནས་ཁྲིམས་འཛིན་ལས་ཁུངས་ཀྱིས་འབྲོག་པའི་གཅིག་སྡུད་ཀྱི་ཕྱུགས་འཚོ་བའི་དུས་ཚིགས་དང་། ཡང་ན་ཕྱུགས་ཟོག་གི་བལ་འབྲེག་པ་དང་ཕྱུགས་ཟོག་ཕ་སྦྱོར་སོགས་མང་ཚོགས་ལྟོས་བཅས་ཀྱིས་གཅིག་བསྡུས་ཡིན་པའི་གོ་སྐབས་དམ་འཛིན་བྱས་ཏེ། རྟ་ཐོག་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་རུ་ཁག་མངགས་ནས་སྦྲ་གུར་དང་རྩྭ་ཐང་དུ་སོང་སྟེ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་གི་བྱ་བ་སྤེལ་བ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།