ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གིས་ལྗང་སྒྱུར་ལ་བརྟེན་ནས་མཛེས་སྡུག་གི་གྲོང་ཁྱེར་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timg291I8NTW.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་ཧུར་ཐག་གིས་གྲོང་ཁྱེར་གྱི་ལྗང་སྒྱུར་རྒྱ་ཁྱོན་རྒྱ་བསྐྱེད་དང་། མི་སྡོད་ཁོར་ཡུག་ལེགས་བཅོས། མཁར་གྲོང་དུ་མཛེས་སྤྲས་བྱས་ནས་མཛེས་སྡུག་ལྡན་པའི་ཅོ་ནེ་གསར་བ་གཏོད།

ཅོ་ནེ་རྫོང་གིས་མཁར་གྲོང་གི་ལྗང་སྒྱུར་ལས་གཞི་ལག་བསྟར་བྱས་ཤིང་། ད་ལོར་ཆུ་འགྲམ་གྱི་ལམ་བརྒྱུད་དུ་ཤོ་ཚང་འགབ་མ་ནས་ཧྲ་ཀའེ་སྡེ་བའི་ཟམ་ཆེན་བར་དུ་ལི་ཤི་དང་ཐང་ཤིང་དཀར་པོ་སོགས་སྡོང་རིང་སྡོང་རྐང1000ལྷག་བཙུགས་པ་དང་། རྒྱ་ཁྱོན་སྨི་གྲུ་བཞི་མ4600ལྷག་གི་སར་མེ་ཏོག་སྣ་ཚོགས་འདེབས་འཛུགས་བྱས། 

timg6C08QZM0.jpg

ཅོ་ནེ་རྫོང་གི་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲའི་རུ་ཆེན་གྱི་རུ་དཔོན་ཀྲུའུ་ཡུའེ་ཕིང་གིས“ད་ལོར་ཅོ་ནེ་རྫོང་གི་མཁར་གྲོང་དུ་ལྗང་སྒྱུར་བྱ་ཡུལ་གཙོ་བོ་དྲུག་ཇེ་མང་དུ་བཏང་བ་སྟེ། རྫོང་མཁར་གྱི་ཤར་སྒོའི་གཞུང་ལམ་གཞོགས་གཉིས་དང་བཙོག་ཆུ་གཙང་སེལ་བཟོ་གྲྭ་ནས་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་བར། ཆུ་འགྲམ་ལམ་གྱི་བྱང་རྒྱུད་ཀྱི་རྐང་ཐང་བགྲོད་ལམ་དང་། ཤོ་ཚང་འགབ་མའི་མཆོད་རྟེན་དཀར་པོའི་ཐང་ཆེན། ཧྲེང་ཧྲི་གསོལ་མགྲོན་ཁང་ཆེན་མོའི་འགྲམ་གྱི་རྐང་ཐང་བགྲོད་ལམ། ཤོ་ཚང་འགབ་མ་ནས་ཧྲ་ཀའེ་སྡེ་བའི་ཟམ་སྣེ་བར་གྱི་ས་སྟོང་དུ་མེ་ཏོག་འདེབས་རྒྱུ་དེ་ཡིན། གོང་གི་ལྗང་སྒྱུར་ལ་བརྟེན་ནས་མཁར་གྲོང་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཡོངས་ལྗང་སྒྱུར་གྱི་ཆུ་ཚད་མཐོར་འདེགས་བཏང་བས། རྫོང་མཁར་གྱི་ལྗང་འགྱུར་རྒྱ་ཁྱོན་སྔར་ལས་ཆེ་རུ་ཕྱིན་པ་དང་། མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་།

timg.jpg

ལྗང་སྒྱུར་ལས་གཞིའི་འགན་ཁུར་བ་མོང་ཝུན་ཅང་གིས“ད་ལོར་ང་ཚོས་ཆུ་འགྲམ་གྱི་ལམ་བརྒྱུད་དུ་མེ་ཏོག་བཏབ་ཡོད་པས། མེ་ཏོག་གི་སྣ་ཁ་མང་ལ་བཞད་པའི་དུས་ཚིགས་ནི་ཟླ་དྲུག་པ་དང་བདུན་པ། བརྒྱད་པའི་བར་ཡིན། མེ་ཏོག་གི་བཞད་ཡུན་དུས་ཚོད་རིང་ཐུང་གཉི་ག་ཡོད། ཁ་དོག་ཀྱང་སྣ་ཚོགས་ཡོད་དེ། དམར་པོ་དང་སེར་པོ། དམར་སྐྱ་སོགས་ཡོད་པ་དང་། ལྗོན་ཤིང་ཡང་བཙུགས་ཚར་བ་དང་། ལྗོན་ཤིང་གི་གསོན་ཚད99%བསླེབས་ཡོད”ཟེར།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།