ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ཡོངས་ཀྱི་གཙོ་གནད་བྱ་བའི་ཡུལ་དངོས་ལྟ་སྦྱོང་སྐུལ་འདེད་གྲོས་ཚོགས་ཚོགས་པ།

ཡོང་ཁུངས། : མདོ་ལྷོའི་དྲ་བ།     སྤེལ་དུས། : 2020-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ 5བའི་ཚེས29ཉིན་གྱི་ཕྱི་དྲོར། ཁུལ་ཡོངས་ཀྱི་གཙོ་གནད་བྱ་བའི་ཡུལ་དངོས་ལྟ་སྦྱོང་སྐུལ་འདེད་གྲོས་ཚོགས་ལིན་ཐན་རྫོང་འགོ་ནང་ཐང་གྲོང་རྡལ་གྱི“ཀན་ལྷོའི་ཞིང་སྡེ་དར་རྒྱས་ཀྱི་སློབ་ཁང་ཆེན་མོ”རུ་ཚོགས། གྲོས་ཚོགས་ཀྱིས་དུས་འགོའི་ཡུལ་དངོས་ལྟ་སྦྱོང་བྱ་འགུལ་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་དཔྱད་བརྗོད་སྤེལ་རེས། གནད་དོན་དང་མི་འདང་ས་འཚོལ་ཞིབ། བསམ་འཆར་དང་གྲོས་གཞི་འདོན་པ་སོགས་བྱས་ཤིང་། གཙོ་བོ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ་དང“གདེང་ཚོད་བཞི”ཇེ་དྲག་ཏུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་ཀྱི་མཐོ་ཚད་ནས་ལངས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “གཅིག་བཅུ་བརྒྱ་སྟོང་ཁྲིའི”ལས་གྲྭ་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩིས་ནས་རིག་གནས་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་སྐུལ་འདེད་བཏང་ཞིང་། ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་། ནུས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་དང་ཁོར་ཡུག་གསར་བརྗེ། སྤྱི་ཚོགས་གཏན་འཇགས། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ལེགས་པོ་བྱས་ཏེ། ཀན་ལྷོ་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པར་སླར་ཡང་བཀོད་སྒྲིག་དང་སྐུལ་འདེད་བཏང་།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ལྔ་བའི་ཚན་གཙོ་ཆང་མིང་ཞ་དང་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཝང་ཁའེ་ཅང་། ཁུལ་གྱི་འགོ་ཁྲིད་པ་ཨན་ཅིན་ལུང་དང་ཞུས་ཆང་། བཀྲ་ཤིས་འཚོ། ཧོ་མོའུ་པའོ་སོགས་གྲོས་ཚོགས་སུ་ཞུགས།

ཡུས་ཁྲིན་ཧུའེ་ཡིས་ཐེངས་འདིའི་ལྟ་སྦྱོང་བྱེད་སྒོའི་དུས་ཡུན་རིང་བ་དང་ཁྱབ་རྒྱ་ཆེ་བ། གཞི་ཁྱོན་ཆེ་བ་བཅས་སྔར་བྱུང་མ་མྱོང་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཅིང་། མྱོང་ཚོར་ཟབ་ལ་མཐོང་རྒྱ་བསྐྱེད་པ་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། གནད་དོན་ཤེས་རྟོགས་བྱེད་པ། རང་གིས་རང་ལ་གནོན་ཤུགས་སྤྲོད་པ་བཅས་ཀྱི་ལྟ་སྦྱོང་ཞིག་རེད། ལྟ་སྦྱོང་གི་སྐབས་སུ་གྲོང་ཁྱེར་གྱི་རྣམ་པ་ཇེ་བཟང་དུ་ཕྱིན་པ་མཐོང་བྱུང་ལ་ཞིང་སྡེའི་འཕོ་འགྱུར་ཡང་མཐོང་བྱུང་། སྐྱེ་ཁམས་སླར་གསོ་ནུས་ལྡན་བྱུང་བ་མཐོང་བྱུང་ལ་ཁོར་ཡུག་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའང་མཐོང་བྱུང་། ཡུལ་སྐོར་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་མཐོང་ཐུབ་པ་མ་ཟད་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་ཚུལ་ཡང་མཐོང་ཐུབ་ལ། དབུལ་ཐར་གྱི་ཕན་འབྲས་ཧ་ཅང་ཆེན་པོ་མཐོང་ཐུབ་པ་མ་ཟད་དར་རྒྱས་ཀྱི་རེ་བ་ཆེན་པོ་ཡང་མཐོང་ཐུབ་པ་དང་། མང་ཚོགས་ཀྱི་དགའ་སྤྲོ་མཐོང་བ་དང་། ལས་བྱེད་པའི་སྤྲོ་སེམས་ཀྱང་མཐོང་བྱུང་ཞེས་བསྟན། །    

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།