ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་སྐྱེལ་འདྲེན་དོ་དམ་ཅུའུ་ཡིས་རིམས་འགོག་དངོས་ཟོག་འགྲེམ་གཏོང་བྱས་ཏེ་ལས་ཐོན་བསྐྱར་ཚུགས་ལ་རོགས་འདེགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1586742058962246.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེལ་འདྲེན་དོ་དམ་ཅུའུ་ཡིས་ཁུལ་ཡོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་ལས་ཐོན་བསྐྱར་ཚུགས་རིམས་འགོག་དངོས་ཟོག་འགྲེམ་གཏོང་བྱེད་པའི་མཛད་སྒོ་སྤེལ་བ་རེད། 

པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཁུལ་ཡོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱིས་རང་རྟོགས་ངང་རིམས་འགོག་ཚོད་འཛིན་བྱ་བ་དང་ལེན་དང་དེར་ཞབས་ཞུ་ཞུས་ནས་གཞུང་ལམ་འགྲུལ་སྐྱེལ་གྱི་འཛིན་བྱང་དངོས་མིང་ལམ་ལུགས་དང་འགྲུལ་བའི་ཐོབ་ཐང་ཞིབ་བཤེར་ལམ་ལུགས་ལག་བསྟར་ནན་མོ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། ཁུལ་ཡོངས་ཀྱི་རླངས་འཁོར་སྐྱེལ་འདྲེན་ས་ཚིགས་སུ་དམར་ཕྱིའི་དྲོད་ཚད་འཇལ་ཆས་བཞག་སྟེ་འགྲུལ་བའི་ལུས་དྲོད་བཤེར་འཇལ་དང་། དུས་ཐོག་ཏུ་སྐྱེལ་འདྲེན་དོ་དམ་ཚོད་འཛིན་བྱ་ཐབས་སྤྱད་དེ་རིམས་ནད་མཆེད་པར་ཚོད་འཛིན་བྱས། རིམས་འགོག་ཚོད་འཛིན་བྱ་བ་ཁུལ་བགོས་རིམ་དབྱེ་སྒོས་ཚོད་འཛིན་བྱས་རྗེས། ལས་རིགས་ཧྲིལ་བོས་ཧུར་ཐག་གིས་གཞུང་ལམ་སྐྱེལ་འདྲེན་གྱི་ལས་ཐོན་བསྐྱར་ཚུགས་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས་གཞུང་ལམ་སྐྱེལ་འདྲེན་ཁེ་ལས་ཀྱི་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར། འགྲུལ་སྐྱེལ་རླངས་འཁོར་གྱི་སྐྱེལ་འདྲེན་སླར་གསོ་བྱས་ཤིང་། “མངགས་ཐོའི་རྣམ་པའི”རླངས་འཁོར་གླ་བའི་འགྲུལ་སྐྱེལ་ཞབས་ཞུ་སྤེལ་བས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱེད་པར་ནུས་ལྡན་གྱི་གཞུང་ལམ་སྐྱེལ་འདྲེན་གྱི་འགན་ལེན་འདོན་སྤྲོད་བྱས།

1586742065517359.jpg

གཞུང་ལམ་སྐྱེལ་འདྲེན་མ་ལག་གི་རིམས་འགོག་དང་ཚོད་འཛིན་བྱ་བ་ཡག་པོ་བསྒྲུབ་ཆེད། ཁུལ་སྐྱེལ་འདྲེན་དོ་དམ་ཅུའུ་ཡིས་ཕྱོགས་མང་བོར་མཐུན་སྦྱོར་བྱས་པ་བརྒྱུད་མ་དངུལ་སྒོར་ཁྲི6གྲབས་གསོག་བྱས་ཏེ་ཁུལ་ཡོངས་ཀྱི་སྐྱེལ་འདྲེན་ཁེ་ལས་དང་འགྲུལ་སྐྱེལ་ས་ཚིགས། གླ་གཏོང་རླངས་འཁོར་གྱི་ཀུང་སི། སྤྱི་སྤྱོད་རླངས་འཁོར་ཀུང་སི་སོགས་ལ་དུག་སེལ་གཤེར་ཁུ་དང་ལག་ཤུབས། ཁ་ཐུམ་སོགས་རིམས་འགོག་དངོས་ཟོག་འགྲེམ་གཏོང་བྱས་ནས་གཞུང་ལམ་སྐྱེལ་འདྲེན་གྱི་འཐབ་ས་དང་པོར་ཡོད་པའི་ལས་བཟོ་བའི་བདེ་འཇགས་འགན་སྲུང་བྱས། 

མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་མ་ལག་གི་ཁེ་ལས་སོ་སོས་ལས་ཐོན་བསྐྱར་ཚུགས་བྱེད་པའི་བླང་བྱ་ལྟར། རིམ་བཞིན་ཞིང་ཆེན་རིམ་པའི་འགྲུལ་སྐྱེལ་རླངས་འཁོར3སླར་གསོ་བྱས་པ་དང་སླར་གསོ་བྱེད་ཚད33%ཡིན་པ་དང་། གྲོང་ཁྱེར་རིམ་པའི་འགྲུལ་སྐྱེལ་རླངས་འཁོར28སླར་གསོ་བྱས་ཡོད་པ་དང་སླར་གསོ་བྱེད་ཚད85%སླེབས་ཡོད་ལ།  རྫོང་རིམ་པའི་འགྲུལ་སྐྱེལ་རླངས་འཁོར35སླར་གསོ་བྱས་ཡོད་པ་དང་སླར་གསོ་བྱེད་ཚད83%ཡིན་པ།  རྫོང་ནང་ཁུལ་གྱི་འགྲུལ་སྐྱེལ་རླངས་འཁོར13སླར་གསོ་བྱས་ཤིང་སླར་གསོ་བྱེད་ཚད52%སླེབས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།