ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རྫོང་གིས“ལས་གྲྭ་ཆེན་པོ་དྲུག”སྐུལ་འདེད་དང“དམ་འཛིན་བཞི་དང་བཅོས་སྒྲིག་གཉིས”དོན་འཁྱོལ་བྱས་ནས་ཕན་འབྲས་ཐོབ་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གིས་རོང་འབྲོག་སྡེ་བའི་ཏང་ཀྲི་པུའུ་འཛུགས་སྐྱོང་ཚད་ལྡན་ཅན་གྱི་བྱ་བ་གཏིང་ཟབ་ཏུ་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། “ལས་གྲྭ་ཆེན་པོ་དྲུག”ལག་བསྟར་བྱས་པ་དང“དམ་འཛིན་བཞི་དང་བཅོས་སྒྲིག་གཉིས”ཀྱི་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རོང་འབྲོག་སྡེ་བའི་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཉམས་སད་ཐེག་ཐུབ་པ་བྱ་རྒྱུར་སྐུལ་འདེད་བཏང་།

“སྣེ་ཁྲིད་མཐོར་འདེགས”ཀྱི་ལས་གྲྭ་ལག་བསྟར་བྱས་ནས་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་དམ་འཛིན་ནན་མོ་བྱས། རོང་འབྲོག་སྡེ་བའི་སྣེ་ཁྲིད་པའི་དཔུང་ཁག་སྤྱི་ཡོངས་ནས་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། སྡེ་བ་རིམ་པའི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བརྡར་གཅོད་བྱས་ནས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི 3ལེགས་སྒྲིག་དང་བརྗེ་འཐེན་བྱས། མི་གཅིག་གིས་སྡེ་བའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་འགན་ཁུར་བར་སྐུལ་འདེད་བཏང་ཞིང་། ཤུགས་ཆེན་པོས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཆེད་བསྐོས་ཅན་གྱི་བྱ་བར་སྐུལ་འདེད་བཏང་།

“བཙན་རྫོང་སྲ་སྐྲུན”ལས་གྲྭ་ལག་བསྟར་བྱས་ནས་ཏང་རྩ་འཛུགས་ཀྱི་གཡུལ་ས་འཛུགས་སྐྱོང་དམ་འཛིན་ནན་མོ་བྱས། སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སྒྱུར་བཀོད་རིམ་སྤར་ལས་གཞི་ལ་སྐུལ་འདེད་བཏང་སྟེ། ལོ་གསུམ་གྱི་རིང་དུ། རོང་འབྲོག་སྡེ་བའི(སྡེ་ཁུལ)ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས 33གསར་སྐྲུན་དང་བསྐྱར་སྐྲུན་བྱས་པར་ཁྱབ་ཚད 63.5%ཟིན་ཡོད།

“ཏང་གཤིས་བཙོ་སྦྱངས”ལས་གྲྭ་ལག་བསྟར་བྱས་ནས་གཞི་རིམ་རྩ་འཛུགས་ཀྱི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དམ་འཛིན་ནན་མོ་བྱས། རྒྱ་ཆེའི་རོང་འབྲོག་སྡེ་བའི་ཏང་ཡོན་སྒྲིག་འཛུགས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སོགས་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། རྫོང་ནང་ཁུལ་གྱི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྤེལ་ནས་ཏང་གཤིས་སྦྱོང་བརྡར་ལ་ཤུགས་བསྣན།

“གཞི་རྩ་བརྟན་པོ་གཏོང་བའི”ལས་གྲྭ་ལག་བསྟར་བྱས་ནས་རྨང་གཞིའི་འགན་ལེན་བྱ་བ་དམ་འཛིན་ནན་མོ་བྱས། ཏང་འཛུཊ་སྐྱོང་དང་དབུལ་ཐར་མཁྲེཊ་གཏོར་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་དབྱང་གི་པུའུ་ཨུ་གསུམ་གྱིས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གོ་སྐབས་སུ་བཟུང་ཞིང་། “ཏང་ཀྲི་པུའུ+མཉམ་ལས་ཁང+གཞི་ས+ཞིང་ཁྱིམ”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་ཁྱབ་གདལ་བཏང་ལ། རྟོག་ཞིབ་བྱས་ནས་ལས་གཞིའི་སྡེ་བ 14གཏན་ཁེལ་བྱས་པ་དང་། སྡེ་བ་རེར་ཁ་གསབ་སྒོར་ཁྲི 50རེ་སྤྲད། “སྡེ་གཅིག་ཇུས་གཅིག”དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས “དཔེ་སྟོན་སྡེ་བ”གཏོད་པ།

“རིམ་སྤར”ལས་གྲྭ་ལག་བསྟར་བྱས་ནས་གཞི་རིམ་གྱི་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་དག་ཐེར་བྱེད་པ་དམ་འཛིན་ནན་མོ་བྱས། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དེ་རོང་འབྲོག་སྡེ་བའི་གཞི་རིམ་བཅོས་སྐྱོང་བྱ་བའི་གཙོ་གནད་དུ་བཞག་ནས 2019ལོར་བཅོས་སྒྲིག་རིམ་སྤོར་ལེགས་གྲུབ་བྱུང་བའི་གཞི་རིམ་ཏང་རྩ་འཛུགས 18ལ“ཕྱིར་མིག་བལྟས”ནས་དག་ཐེར་གྱི་ཕན་འབྲས་སྲ་བརྟན་དུ་བཏང་། 

“དཔུང་ཁག་གཙང་སེལ”ལས་གྲྭ་ལག་བསྟར་བྱས་ནས“སྡེ་མི་དབང་ཤེད་ཅན”དང་ཏང་ཡོན་གྱི་ཆོས་དད་བཅོས་སྒྲིག་ལ་དམ་འཛིན་ནན་མོ་བྱས། རྫོང་ཡོངས་ཀྱི་སྡེ་བའི་ལས་བྱེད་པ་དང་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་ལས་འགན་ཁུར་བའི་ཐོབ་ཐང་ལ་གཅིག་བསྡུས་ཐོག་ཞིབ་བཤེར་བྱས་ཏེ། ལས་འགན་ཁུར་བའི་ཐོབ་ཐང་གི་ཆ་རྐྱེན་དང་མི་མཐུན་པའི་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི 18གཙང་བཤེར་བྱས་ཤིང་། རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཉམ་འབྲེལ་སྒོས་མཛུབ་ཁྲིད་ཚན་ཆུང་བཙུགས་ནས“བཅར་འདྲི་ལྔ་དང་དཔྱད་མོལ་གསུམ”གྱི་བྱ་བའི་བྱ་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ། རྫོང་ཡོངས་ཀྱི་རོང་འབྲོག་སྡེ་བའི་ཏང་ཡོན་རེ་རེ་བཞིན་གྲལ་བཤེར་བྱས་ནས་ཐག་གཅོད་བྱས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།