ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རྫོང་གིས་གོ་རིམ་ཆེན་པོ་ལྔ་ལག་བསྟར་བྱས་ནས་བཟའ་བཏུང་ལས་རིགས་ལ་དོ་དམ་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གིས་སྔོན་འགོག་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བའི་བཟའ་བཏུང་སྡེ་ཚན་ཚང་མར་ལས་གཉེར་བྱ་ཆོག་པའི་གཏན་འབེབས་བྱས་པ་དང་བཟའ་བཏུང་སྡེ་ཚན་གྱིས་ལས་གཉེར་བྱ་སྐབས་ངེས་པར་དུ“དུས་ཐོག་ཏུ་དུག་སེལ་དང་། བར་ཐག་ཚོད་འཛིན། འགྲུལ་བ་ཚོད་འཛིན། ལུས་དྲོད་ཚད་འཇལ། ཐོ་འགོད་ཆ་འཕྲིན”བཅས་གོ་རིམ་ཆེན་པོ་ལྔ་ལག་བསྟར་བྱས་པས་གཞི་ནས་རྒྱུན་ལྡན་ལྟར་ལས་གཉེར་བྱ་ཆོག་པ་རེད། 

རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིསཐེ་བོ་རྫོང་བཟའ་བཏུང་ཞབས་ཞུའི་སྡེ་ཚན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཕྱོགས་སྟོནབཟོས་ནས་པར་འགྲེམ་བྱས་ཏེ། བཟའ་བཏུང་གཉེར་སྐྱོང་སྡེ་ཚན་ལ་བཟའ་བཏུང་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ནས། རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཉོ་སྒྲུབ་དང་།  ལས་སྣོན།  གཉེར་སྐྱོང་བཅས་བྱ་མི་ཆོག་པ་དང་།  བཟའ་བཏུང་གཉེར་སྐྱོང་བྱ་ཡུལ་དུ་ཁྱིམ་བྱ་གསོ་བ་དང་།  བཤས་གཏོང་། ཕྱིར་ཚོང་བཅས་བྱ་མི་ཆོག བཟའ་བཏུང་སྡེ་ཚན་གྱིས་རང་འགུལ་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་སྐབས་ཀྱི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་།  འདུ་འཛོམས་རང་བཞིན་གྱི་བཟའ་བཏུང་བྱེད་སྒོ་དང་ལེན་བྱེད་པ། འཕྲོད་བསྟེན་གཙང་སྦྲ་དང་དུག་སེལ་བྱ་བར་ཤུགས་སྣོན་རྒྱག་པ། གཙང་སྦྲ་ལེགས་ཤིང་གྲལ་དག་པ་རྒྱུན་འཁྱོངས་བྱེད་པ། ཁ་ཐུམ་དང་དུག་སེལ་གཤེར་ཁུ་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཁོ་ཆས་གྲ་སྒྲིག་བྱེད་པ། རྒྱུན་ལྡན་གྱི་དུག་སེལ་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ནས་བཟའ་བཏུང་འཛད་སྤྱོད་བདེ་འཇགས་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན། 

བཟའ་བཏུང་སྡེ་ཚན་གྱིས་སྒྲོག་ཙེ་རེར་སྐུ་མགྲོན་གྱིས་ཟ་མ་ཟས་རྗེས་ཀྱི་སྒྲོག་ཙེ་དང་རྐུབ་སྟེགས་ལ་དུས་ཐོག་ཏུ་དུག་སེལ་བྱ་དགོས་པ་དང་། དུག་སེལ་རྫས་ཀྱི་ནུས་ལྡན་ཧྥུ་འདུས་ཚད་དང་སྦྱོར་བཟོའི་བསྡུར་ཚད་ཐད་གཏན་འབེབས་ཞིབ་ཕྲ་བྱ་དགོས་པའི་བླང་བྱ་བཏོན།  མིག་སྔར་ཐེ་བོ་རྫོང་གི་བཟའ་བཏུང་ཚོང་ཁང་དུ་དུག་སེལ་ཆང་བཅུད་དང་དུག་སེལ་གཤེར་ཁུ་སོགས་སྤྱོད་རྫས་ཚོང་ཁང་གི་སྒྲིག་བཀོད་ཚད་ལྡན་དུ་གྱུར་ཡོད།  གོང་རིམ་གྱི་བླང་བྱ་གཞིར་བཟུང་སྟེ་བཟའ་བཏུང་སྡེ་ཚན་གྱིས་ཚོད་འཛིན་རང་བཞིན་གྱི་ཚོམས་ཆེན་དུ་ཟས་བཟའ་རུ་བཅུག་ནས། ཚོམས་ཆེན་གྱི་གསོལ་ལྕོག་ཐོག་དངོས་སུ་སྤྱོད་ཚད་རྒྱུན་ལྡན་གྱི 50%ལས་མི་བརྒལ་བ་དང་གསོལ་ལྕོག་མི་འདྲ་བའི་བར་ཐག་སྨི1ལས་མི་ཉུང་བ་བྱ་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།