ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཁྲིན་ཧུའེ་ཡིས་གཙོས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་ཏེ་མགྱོགས་མྱུར་སྒོས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱ་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གཙོས་གྲོང་ཁྱེར་ཀླུ་ཤོད་གྲོང་རྡལ་དང་སྣ་བུག་གྲོང་རྡལ་སོགས་སུ་སོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དབུལ་ཐར་མཁྲེགས་གཏོར། ཐོན་ལས་སྐྱེད་སྲིང་། དགོན་སྡེ་དོ་དམ། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་སོགས་ཀྱི་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས། ཁོས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་བསྣན་ཏེ། མགྱོགས་མྱུར་གྱིས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གཙོ་གནད་ལས་འགན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་ནན་གྱིས་བསྟན།

ཡུས་ཁྲིན་ཧུའེ་ཞིང་ཆེན་རིམ་པའི་གཞུང་ལམ 306ཅེས་པའི་གཙོས་ནས་ཅོ་ནེ་བར་གྱི་འགྲིམ་འགྲུལ་ཞིབ་བཤེར་དང་ནད་ཡམས་རྟོག་ཞིབ་ས་ཚིགས་སུ་སོང་ནས། འགྲོ་འོང་བྱེད་པའི་རླངས་འཁོར་གྱི་གྲངས་འབོར་དང་འགྲོ་འོང་བྱེད་མཁན་གྱི་ཁྱབ་ཚུལ། རྗེས་སུ་དོ་དམ་དང་ཚོད་འཛིན་བྱེད་ཐབས་སོགས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་འདྲི་རྩད་ཞིབ་མོ་བྱས་རྗེས། ཁོས་མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱས་ཡོད་མོད་། འོན་ཀྱང་མི་སྣ་འགྲོ་འོང་དང་འདུ་འཛོམས་མང་དུ་ཕྱིན་པ་ལས་བྱུང་བའི་བསྐྱར་ལོག་ཉེན་ཁ་སྔར་བཞིན་གནས་ཡོད་པས། འདི་འདྲའི་གནད་འགག་གི་དུས་སྐབས་སུ། ང་ཚོས་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ནས་མང་ཚོགས་དང་སྤྱི་ཚོགས། རྒྱལ་ཁབ་བཅས་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ་ལྷོད་གཡེང་སྤུ་ཙམ་མི་བྱེད་པར། སྔོན་འགོག་དང་བཀག་སྡོམ་གྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ནས་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱ་དགོས་ཞེས་ནན་གྱིས་བསྟན།

ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་དབུལ་ཐར་ཕྱུག་འགྱུར་གྱི་རྩ་བའི་ལམ་བུ་ཞིག་ཡིན། ཡུས་ཁྲིན་ཧུའེ་ཀླུ་ཤོད་གྲོང་རྡལ་གྱི་མཛོ་མོ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དུ་སོང་ནས། ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་གྲོང་ཁྱེར་དང་ཤང་རིམ་པ་གཉིས་དང་འབྲེལ་ཡོད་སྡེ་ཁག་གིས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁྱབ་འགྱེད་སྐུལ་ཁྲིད་དང་། མཉམ་ལས་གཉེར་སྐྱོང་། ཁེ་ཕན་བགོ་བཤའ་སོགས་ཀྱི་རྐྱེན་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུར་དོ་སྣང་ཆེན་པོ་བྱས་ནས། ས་གནས་དེ་གའི་ཐོན་ལས་གཞི་ཁྱོན་ཅན་དང་རྩ་འཛུགས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཁྱིམ་ཚང་དུ་ཐོན་ལས་སྐུལ་ཁྲིད་བྱེད་པ་དང་ཐག་ཉེ་ས་ནས་ལས་གནས་སུ་ཞུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་རྒྱུར་རོགས་རམ་བྱ་དགོས་པའི་བླང་བྱ་བཏོན། དེའི་རྗེས་ཡུས་ཁྲིན་ཧུའེ་རྒྱལ་མོ་དགོན་དགོན་པར་སོང་ནས་དགེ་འདུན་པའི་འཚོ་བའི་འགན་ལེན་དང་དགོན་སྡེའི་གསར་གཏོད་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ཁོས་ཁྲིམས་ལྟར་དོ་དམ་དང་དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཟུང་འབྲེལ་བྱ་རྒྱུན་འཁྱོངས་དང་དགེ་འདུན་པའི་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་བྱ་རྒྱུར་ཤུགས་བསྣན་ནས། སེར་སྐྱ་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་། སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་ཇེ་མཐོར་བཏང་ནས། ཏང་ཨུ་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་ཡོང་བ་བྱ་དགོས་ཞེས་ནན་གྱིས་བསྟན།

ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་དང་ཁུལ་ཨུའི་རྒྱུན་ཨུའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་ཡིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།