ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བཅུ་བ་ཚོགས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2020-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བཅུ་བ་ཟླ2པའི་ཚེས19ཉིན་གྱི་ཕྱི་དྲོར་ལན་ཀྲུའུ་རུ་ཚོགས། ཧྲིན་ཀྲང་ངམ་ཞིང་ཆེན་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཐང་རེན་ཅན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཁོས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། “རིམས་ནད་འགོག་བཅོས་ཀྱི་གཡུལ་ས”དང“དཔལ་འབྱོར་འཕེལ་རྒྱས་ཀྱི་གཡུལ་ས་གཉིས་”ཁོང་ཆུད་ཡང་དག་བྱེད་པ། ཚན་རིག་དང་མཐུན་པར་ཁ་གཏད་འཇལ་བ་དང་། གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཉིས་ལ་རྒྱལ་ཁ་ལེན་ཅི་ཐུབ་བྱ་དགོས་ཞེས་བསྟན།

    ཞིང་ཆེན་གྱི་འགོ་ཁྲིད་པ་སུང་ལིའང་དང་ཁྲིན་ཆིན། ཀྲང་ཧྲི་ཀྲིན། ལི་ཕེ་ཞིན། ཧོ་ཝེ། ཁྲང་ཀྲིན་གོ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལི་ཀྲི་ཞོན་བཅས་ཚོགས་ར་གཙོ་བོ་ནས་ཚོགས་འདུར་ཞུགས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་རྐྱེན་སྲོལ་བྱ་བའི་མཛུབ་སྟོན་ཚན་ཆུང27པའི་ཚན་གཙོའམ་ཆེད་མཁས་པ། ཞིང་ཆེན་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་ཁོངས་མིས“ལུང་ཀྲིན་ཏིན”བརྒྱུད་ནས་ཚོགས་འདུར་ཞུགས།

    ཐང་རེན་ཅན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་ནི་ཚེ་སྲོག་དང་འབྲེལ་བ་ཡོད་པ་དང་། ལས་ཀ་སླར་གསོ་དང་ཐོན་སྐྱེད་བསྐྱར་གསོ་བྱ་རྒྱུ་ནི་འཚོ་ཚིས་དང་འབྲེལ་བ་ཡོད་པས། ངེས་པར་དུ་མཉམ་གཤིབ་མཉམ་སྐྱོད་བྱ་དགོས་པ་ལས་གཅིག་ཀྱང་ཆད་མི་རུང་། ད་དུང་ཉེ་དུས་ཞིང་ཆེན་གྱིས་བཏོན་པའི《ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ》དང《མིག་སྔའི་ལས་ཀ་སླར་གསོ་དང་ཐོན་སྐྱེད་བསྐྱར་གསོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་བཟང་བོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་དེ་མིན་འབྲེལ་ཡོད་ཀྱི་ཆ་ཚང་སྲིད་ཇུས་དང་བྱེད་ཐབས་ཕན་ཚུན་འདེགས་སྐྱོར་བྱས་ཏེ། རིམ་པ་སོ་སོ་དང་སྡེ་ཚན་སོ་སོས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས་སྲིད་ཇུས་བཟང་བོར་ཕན་འབྲས་བཟང་བོ་ཐོན་རྒྱུ་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།

ཁོས་ད་དུང་མིག་སྔར་རིམ་པ་སོ་སོ་དང་ཕྱོགས་སོ་སོས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་གཙོ་གནད་གྱི་བྱ་བ་རྣམས་བསྒྲུབ་དགོས། དཔྱིད་རྨོད་ཐོན་སྐྱེད་བརྟན་པོ་ཡོང་བའི་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ལས་གཞི་གལ་ཆེན་ལས་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་གྲོང་མིའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱ་དགོས། ལྷག་པར་དུ་དབུལ་ཐར་མཁྲེགས་གཏོར་གྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དམ་འཛིན་བཟང་བོ་བྱེད་པ་དང་། ཐབས་བཀོད་འཐེན་ནས་དབུལ་ཕོངས་མི་གྲངས་ལས་ཞུགས་བྱེད་པ་དང་ཐོན་ལས་ཀྱིས་དབུལ་སྐྱོར་བྱེད་པ། ཞིང་ལས་ཐོན་རྫས་བྲིན་ཚོང་སོགས་ཀྱི་བྱ་བར་ཐབས་བརྒྱ་ཇུས་སྟོང་གིས་སྐུལ་འདེད་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་མཇུག་བསྡུ་རྩིས་སྤྲོད་ཐུབ་པར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།