ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་གཙོས་སུ་གཟབ་རྒྱས་ངང་ཚོགས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

969.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་ཟླ1པའི་ཚེས16ཉིན་གྱི་སྔ་དྲོར་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཧུང་ཚའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར། ཐེངས་འདིའི་ཚོགས་ཆེན་ལ་ཞུགས་འོས་པའི་ཨུ་ཡོན220ཡོད་ཅིང་དངོས་སུ་ཞུགས་པའི་ཨུ་ཡོན194 ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ ཞུས་ཆང་དང་བསེ་ཚངབློ་བཟང་དཔལ་ལྡན། དབྱང་སྒྲོལ་མ། ཝང་ཧྥང་།  ཀྲའོ་ཧུང་ཚའེ།  དུས་འཁོར་ཚང་། དབྱང་ཞའོ་ནན། ཨན་ཞུས་ལིན། ཏུང་ཀྲེན་གོ སྒྲོལ་མ་སྐྱབས། ཆོན་ཡུང་ཁང་བཅས་ཡིན།

ཚོགས་ཆེན་ལ་གདན་ཞུ་བྱས་པའི་འགོ་ཁྲིད་པ་ནི་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་།  ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཅུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཀྲན་ལིའང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཝང་ཧྲང་ཞུའེ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལུའེ་ཀྲེ་ཅུན། ཁུལ་ཨུའི་རྒྱུན་ཨུའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དབྱང་སྒྲོལ་མ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་དང་ལི་རུའེ་ཕིང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཝང་ཡ་ནན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཅན་གོ་དང་དབྱང་ཀྲི་ཚའེ། དབྱང་ཁྲང་ཏེ། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པའམ་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་། ཁུལ་དཔོན་གཞོན་པ་ཝང་ཧྥང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོདའགོ་གཙོ་མ་ལུང་ཆོན། ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་མའོ་ཞིན་ཝུན། ཀན་ལྷོ་ཡན་ལག་དམག་ཁུལ་གྱི་སི་ལིན་ཡོན་གཞོན་པ་དབྱང་ཆི་ཡོན། རྒྱལ་ཁབ་བདེ་སྲུང་ཅུས་ཀན་ལྷོའི་ཡན་ལག་རུ་ཁག་གི་ཅུས་ཀྲང་གོ་ཝེ་རྨིན། སྔར་གྱི་ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཡིའུ་ཏ་ཀང་། ཨ་མགོན། སྔར་གྱི་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཏིང་མུའུ་ཏི། སྔར་གྱི་ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཏུང་ཀྲེན་གོ་བཅས་ཡིན། གྲོས་ཚོགས་ལ་ཟུར་ཞུགས་བྱེད་མཁན་ཞིང་ཆེན་སྲིད་གྲོས་ཀྱི་ཀན་ལྷོ་རུ་སྡོད་པའི་ཨུ་ཡོན་དང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོའི་ལས་ཁུངས་སོ་སོ། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལྷན་ཁང་སོ་སོ། སྤྱི་ཚོགས་ཀྱི་ཚོགས་པ་སོ་སོ། ཞིང་ཆེན་དུ་གཏོགས་པའི་ལས་ཁུངས་སོ་སོ། གྲོང་ཁྱེར་དང་རྫོང་སོ་སོའི་སྲིད་གྲོས་གཞུང་སྒྲུབ་ཁང་གི་འགན་འཁུར་བློ་མཐུན་བཅས་ཡོད།

གྲོས་ཚོགས་སུ་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས་ཤིང་གཏམ་བཤད་གལ་ཆེན་གནང་། ཡུས་ཁྲིན་ཧུའེ་ཡིས་བསྟན་པར། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་གཟབ་རྒྱས་ངང་འཚོགས་འགོ་ཚུགས་ཤིང་། དེ་ནི་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ཞིང་། ང་ཚོས་གནས་བབ་གསར་བར་ཕྱོགས་པ་དང་གོ་སྐབས་གསར་བ་དམ་འཛིན་བྱེད་པ། འགྲན་སློང་གསར་བ་བསུ་བ། སེམས་ནུས་གཅིག་སྒྲིལ་དང་ཐུན་མོང་ཐོག་འཕེལ་རྒྱས་ལ་གྲོས་བསྡུར་བྱེད་པ་བཅས་ཀྱི་གྲོས་ཚོགས་གཟབ་རྒྱས་ཤིག་ཡིན་པས་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཚབ་བྱས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཨུ་ཡོན་ཡོངས་དང་ཚོགས་ཞུགས་བློ་མཐུན་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

ལོ་གཅིག་རིང་ཁུལ་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་ཁོང་དུ་ཆུད་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བ་ལ་དམ་པོར་དམིགས་ནས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།

གཅིག་ཏུ་ཧུར་ཐག་སྒོས་ཐབས་འདོན་ཇུས་འབུལ་བྱས་ནས་སྲིད་ཞུགས་སྲིད་གླེང་བྱེད་པ་གནད་ལ་འཁེལ། གཉིས་སུ་བརྟག་ཞིབ་གཏིང་ཟབ་བྱས་ནས་དམངས་གཙོའི་ལྟ་སྐུལ་ལ་དངོས་ཕན་ཐོབ། གསུམ་དུ་དམངས་ཀྱི་འདོད་བློ་གང་ལེགས་མཚོན་པ་དང་དམངས་འཚོར་ཞབས་འདེགས་ཞུས་པ། བཞི་རུ་སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།

ལྷག་པར་དུ“ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་བརྒྱུད་སྲིད་གྲོས་ལས་ཁུངས་དང་སྲིད་གྲོས་ཨུ་ཡོན་གྱི་སྤྱོད་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་འགན་ནུས་ལག་བསྟར་ནུས་ལྡན་དང་བྱ་བ་བདེ་བླག་ངང་སྤེལ་ཆེད་འགན་ལེན་ནུས་ལྡན་བྱས་ཡོད། ཁུལ་སྲིད་གྲོས་དང་སྲིད་གྲོས་ཨུ་ཡོན་ཡོངས་ཀྱི་ལོ་གཅིག་རིང་གི་བྱ་བར་ཁུལ་ཨུ་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཁས་ལེན་གདེང་འཇོག་ལེགས་པོ་བྱས་ཡོད།

2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུ་བའི་ལོ་ཡིན་ལ། རང་ཁུལ་གྱིས་གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཚད་བརྒལ་དོན་གཉེར་བྱེད་པ། རྨང་གཞི་བརྟན་དུ་བཏང་ནས་གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ལོ་གལ་ཆེན་ཞིག་ཀྱང་ཡིན། ཉེ་ཆར་ཚོགས་པའི་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཁུལ་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་ད་ལོ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་དང་འབད་འཐབ་ཀྱི་དམིགས་འབེན། ཤུགས་སྣོན་གཙོ་གནད། མངོན་འགྱུར་གྱི་ཐབས་ལམ་བཅས་གསལ་བོ་བཏོན་ཡོད།

ཡུས་ཁྲིན་ཧུའེ་ཡིས་མི་དམངས་སྲིད་གྲོས་ཀྱི་བྱ་བ་སྔར་ལས་ལེགས་པར་བསྒྲུབ་རྒྱུ་དང་། སྲིད་གྲོས་ཀྱི་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་ཐད་ལ་རེ་བ་འགའ་བཏོན་པ་སྟེ།

དང་པོ། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱས་ཏེ། ཁ་ཕྱོགས་ཡང་དག་པའི་ཁྲོད་བསམ་བློ་གཏོང་ཕྱོགས་གསར་བ་མཐོར་འདེགས་གཏོང་དགོས།

གཉིས་པ། ཐོག་མའི་ཕུགས་འདུན་མི་བརྗེད་པར་འཕེལ་རྒྱས་དོན་གཉེར་བྱས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ལས་འགན་གསར་བ་ལེགས་སྒྲུབ་བྱ་དགོས། 

གསུམ་པ། འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཞི་མཐུན་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་བྱས་རྗེས་གསར་བ་མངོན་པར་བྱ་དགོས།

བཞི་བ། རང་འགན་གཙང་སྒྲུབ་ཀྱི་ནུས་པ་འདོན་སྤེལ་བྱས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཁྲོད་གཟུགས་བརྙན་གསར་བ་མངོན་པར་བྱ་དགོས།

ཡུས་ཁྲིན་ཧུའེ་ཡིས་ནན་གྱིས་བསྟན་པར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། སེམས་མཐུན་ཤུགས་སྒྲིལ། གསར་གཏོད་ཡར་བརྩོན་བཅས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གཏོད་པ་དང་། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་དང་དམངས་ཕྱུག་ཁུལ་དར་གྱི་རྣམ་པ་གསར་བ་གཏོད་ཆེད་བྱས་རྗེས་གསར་བ་འཇོག་དགོས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གིས་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟརསྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ།

སྙན་ཞུ་ལས་བསྟན་པར། འདས་པའི་ལོ་གཅིག་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ 70འཁོར་བའི་ལོ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགག་རྩའི་ལོ་ཡང་ཡིན། ལོ་གཅིག་རིང་། ཞིང་ཆེན་སྲིད་གྲོས་ཀྱི་མཛུབ་སྟོན་ནུས་ལྡན་དང་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་ནན་འཛིན་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བའི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། “ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་གིས་སྤེལ་བ། སྐྱེ་ཁམས་ཆེན་པོ་ལྔའི་འཛུགས་སྐྲུན་ལ་དམིགས་པ། དབུལ་ཐར་མཁྲེགས་གཏོར་ལ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་དང་སྲིད་ཞུགས་སྲིད་གླེང་ལ་དངོས་ཤུགས་སྣོན་པ། དམངས་གཙོའི་ལྟ་སྐུལ་གྱི་འགན་ནུས་ཆེ་རུ་གཏོང་བ། འགན་སྒྲུབ་ནུས་པ་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་པ། ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་ཐབས་འདོན་ཇུས་འབུལ། སྤྱོད་ཚུལ་གསར་བར་བརྟེན་ནས་གཟུགས་བརྙན་གསར་བ་མངོན་པར་བྱེད་པ། བྱས་རྗེས་གསར་བར་བརྟེན་ནས་ཕན་འབྲས་གསར་བ་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཧུར་ཐག་གིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་ཕུལ་ཡོད།

དུས་རབས་གསར་བ་དང་གནས་བབ་གསར་བའི་བླང་བྱ་དང་བསྡུར་ན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་ལ་ད་དུང་མི་འདང་ས་དང་ཞན་ཆ་འགའ་ཤས་ཡོད་པ་ངོས་འཛིན་ཐུབ་ཡོད། གཙོ་བོ་ནི། གྲོས་མོལ་དམངས་གཙོ་བྱེད་སྟངས་དང་བྱེད་ཐབས་ད་དུང་གཅིག་རྐྱང་ཡིན་པ་དང་། དམངས་གཙོའི་ལྟ་སྐུལ་གྱི་ཐབས་ལམ་ད་དུང་ཡངས་པོ་མེད་པ། སྲིད་ཞུགས་སྲིད་གླེང་གི་གཏིང་ཚད་དང་རྒྱ་ཁྱོན་ད་དུང་མི་འདང་བ། བརྟག་ཞིབ་ལྟ་ཞིབ་ཀྱི་སྤུས་ཚད་དང་ཆུ་ཚད་ད་དུང་མཐོན་པོ་མེད་པ། གྲོས་གཞི་གཞན་སྒྱུར་དང་དོན་འཁྱོལ་བྱེད་ཤུགས་ད་དུང་ཆེན་པོ་མེད་པ། ཨུ་ཡོན་གྱི་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་མེད་པ་སོགས་ཀྱི་གནད་དོན་དེ་དག་ལ་ང་ཚོས་ཚད་མཐོའི་མཐོང་ཆེན་བྱས་ནས་ལེགས་བཅོས་ཏན་ཏིག་བྱ་རྒྱུ་ཡིན།

ད་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི” འཆར་འགོད་ལེགས་གྲུབ་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པ་བཅས་ཀྱི་མཇུག་བསྡུའི་ལོ་ཞིག་ཀྱང་རེད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་སྲོག་ཤིང་དུ་འཛིན་པ་དང་། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་རྒྱུ་དེ་ལས་འགན་སྒྲུབ་པའི་བྱ་བའི་ལྷུ་ཚིགས་གཙོ་བོར་བརྩི་བ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་མཐའ་འཁྱོངས་བྱེད་པ། གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་། ངོས་འཛིན་གཅིག་མཐུན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་དུས་རབས་གསར་བའི་ཀན་ལྷོའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་བ་ནུས་ཤུགས་ཡོད་རྒུས་བརྩམས་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་འཛུགས་སྐྲུན་བྱ་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

སྙན་ཞུ་ལས་བསྟན་པར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱར་བ་གྲུ་འདེགས་དང་འབད་འབུངས་མདུན་སྐྱོད། མཐུན་སྒྲིལ་ཡར་བརྩོན་བཅས་བྱས་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་བ་དེ་བས་ཆེ་བ་འབུལ་དགོས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨན་ཞུས་ལིན་གྱིས་སྲིད་གྲོས་ཀན་ལྷོ་ཁུལ་གྱི་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ ཕུལ།

2019ལོར། ཁྱོན་བསྡོམས་གྲོས་གཞི187བཏོན་ཡོད་ལ། དེའི་ཁྲོད་དུ་ཐོ་འགོད་བྱས་པའི་གྲོས་གཞི176ཡོད་ལ། སྒྲུབ་གཉེར་བྱས་ཟིན་པའམ་ཕལ་ཆེར་གྲུབ་པ121ཡོད་ལ། སྒྲུབ་བཞིན་པའང་འཆར་གཞིར་བཀོད་པ39ཡོད། ཆ་རྐྱེན་དང་གནས་ཚུལ་གཞན་དབང་གིས་སྒྲུབ་མ་ཐུབ16ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།